དམངས་ཀྱི་དཀའ་ངལ་སེལ་བའི་ལག་ལེན་པ།། ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་པ།།

ཀུན་དགའ་བསམ་གཏན།        2023-05-12

ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་དགོན་གསར་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་ཝང་ཚུང་གི་གནས་ཚུལ་བཀོད་པ།

དམངས་ཀྱི་དཀའ་ངལ་སེལ་བའི་ལག་ལེན་པ།། ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་པ།།

ཝང་ཚུང་གིས་ཡུལ་མིའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ།

དམངས་ཀྱི་དཀའ་ངལ་སེལ་བའི་ལག་ལེན་པ།། ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་པ།།

ཝང་ཚུང་གིས་ཆེད་རམས་པ་གདན་དྲངས་ནས་ཡུལ་མིར་ནོར་གནག་གསོ་སྤེལ་ལག་རྩལ་སྒྲོག་འགྲེལ་བྱེད་བཞིན་པའི་ཚུལ།

ད་སྔར། དྭངས་གཙང་གི་དཀར་མཛེས་ས་གཞིར་དཔྱིད་རླུང་དལ་གྱིས་ལྡང་བ་དང་བསྟུན་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་།འབར་འབུར་གྱི་རི་ལུང་།ཤག་ཤག་ཏུ་འབབ་པའི་ཆུ་བོའི་ཁྲོད་ནས་དཔྱིད་ཀྱི་དཔལ་ཡོན་ཤར། མཐོ་སྒང་ས་ཆའི་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་དག་གིས་ཤུགས་ཡོད་རྒུས་བཏོན་ནས་གྲོང་སྡེའི་ལས་ཀར་བྲེལ་བཞིན་ཡོད། ཝང་ཚུང་ཡང་དེ་བཞིན་དུ་དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་དགོན་གསར་གྲོང་སྡེའི་བཅའ་སྡོད་ལས་དོན་མི་སྣ་ཞིག་ཡིན།

གཅིག།

སྤྱི་ཟླ2པའི་ཟླ་འགོར། གསར་འགོད་པས་ཝང་ཚུང་དང་འབྲེལ་བ་བྱེད་སྐབས་ཁོང་ཏག་ཏག་དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་དགོན་གསར་གྲོང་སྡེའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པར་གླང་གི་མདུད་འབུར་རང་བཞིན་གྱི་པགས་ནད་འགོག་བཅོས་སྐོར་གྱི་ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་བཞིན་ཡོད།

2022ལོའི་ལོ་སྟོད་དུ་ཁུལ་ཚན་རྩལ་མཐུན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་ཝང་ཚུང་གིས་རང་འགུལ་ངང་གྲོང་སྡེའི་བཅའ་སྡོད་ལས་དོན་ལ་འགྲོ་རྒྱུའི་རེ་བ་ཞུས་མཐར། དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་དགོན་གསར་གྲོང་སྡེར་བསྐྱོད་དེ་གྲོང་སྡེའི་བཅའ་སྡོད་རོགས་སྐྱོར་ལས་དོན་སྤེལ་ཡོད་ཅིང་། ལས་གནས་སུ་ཞུགས་མ་ཐག་ཁོང་གིས་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་ལས་དོན་སྤེལ་དུས་བསམ་བློ་ཡག་པོ་གཏང་དགོས་པ་དང་རྐང་ཐང་དུ་བསྐྱོད་དགོས་པ། བརྩེ་སེམས་བཅང་དགོས་པ་བཅས་ནི་བྲལ་ཐབས་མེད་པའི་གཙོ་དོན་ཡིན་ཞེས་བཤད། ཟླ་བ་གཅིག་ཀྱང་མ་འགོར་བར་ཁོང་གྲོང་སྡེ་ཡོངས་ཀྱི་དུད་ཚང49ལ་བསྐྱོད་དེ་དབུལ་ཐར་དུད་ཚང11དང་། དཀའ་ངལ་ཡོད་པའི་དུད་ཚང4 དང་། ན་སོ་དར་ལ་མ་བབས་པའི་མི33བཅས་ཀྱི་དཀའ་ངལ་དང་རེ་སྒུག་གནད་དོན་ཁྱོན་ཡོངས་ནས་རྒྱུས་ལོན་བྱུང་ཡོད། ད་དུང་ཡུལ་མིའི་སློབ་གསོ་དང་རིག་གནས་ཆུ་ཚད་ཅུང་དམའ་བ་དང་།ཞིང་ལས་སྐྱེ་དངོས་ཀྱི་རྨོ་འདེབས་བྱེད་སྟངས་སྟབས་བདེ་ཡིན་པ།ཕྱུགས་རིགས་གསོ་ཚགས་གཞི་ཁྱོན་ཆུང་བ་སོགས་ཀྱི་གནས་ཚུལ་ནི་ད་སྔར་གྲོང་སྡེས་ཐག་གཅད་དགོས་པའི་གནད་དོན་ཡིན་པ་ཤེས་ཡོད།

ཁོང་གིས་གཅིག་ནས་དགོན་གསར་དང་བྲག་ལུང་གྲོང་སྡེ་གཉིས་ཀྱིས་ནས་དང་ཞོག་ཁོག་ས་བོན་གསར་པའི་དཔེ་སྟོན་འདེབས་འཛུགས་དང་དེ་བཞིན་ཞིང་ལས་འཕྲུལ་ཆས་ཅན་དང་ཚན་རིག་ཁྱབ་གདལ་གཏོང་ས་སྐྲུན་པར་རྒྱབ་སྐྱོར་ཧུར་ཐག་བྱས། གཉིས་ནས་ཤུགས་ཡོད་རྒུས་འབྲི་གཡག་གི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་།གཟན་རྩྭ་སྡེབ་སྒྲིག། དགུན་བརྒལ་འགན་ལེན་སོགས་ཀྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས། གསུམ་ནས་བྲག་ལུང་གྲོང་སྡེར་འདྲུད་འཐེན་འཕྲུལ་འཁོར་གཅིག་ཉོས་ནས་གྲོང་སྡེ་ཡོངས་ཀྱི་འཚོ་བའི་གད་སྙིགས་དབོར་རོགས་བྱས་པ་དང་། གྲོང་སྡེའི་དོན་དུ་གང་ཐད་ནས་བརྩོན་ལེན་བྱས་མཐར་ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི27དོན་འཁྱོལ་བྱུང་ཡོད།

ཡུལ་མི་བྱམས་པ་ཚེ་རིང་གིས་དེ་སྔ་ང་ཚོས་ནོར་གནག་ཚང་མ་ཉམས་མྱོང་ལ་བརྟེན་གསོ་ཚགས་བྱེད་བཞིན་ཡོད།ནོར་གནག་ལ་ནད་ཕོག་དུས་ཚང་མས་སེམས་ཁྲལ་བྱེད་པ་ལས་ཐབས་གཞན་མ་མཆིས།ད་ཆ་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཆེད་རམས་པ་གདན་དྲངས་ནས་ང་ཚོར་སློབ་ཁྲིད་དང་གསོ་སྦྱོང་བྱས་པར་མ་ཟད།ད་དུང་དུས་བཀག་ལྟར་དུག་སེལ་དང་།གཟན་རྩྭ་སྡེབ་སྒྲིག། ལྷས་རར་གཙང་སྦྲ་བཅས་གང་ཐད་ནས་མཛུབ་ཁྲིད་བྱས་པས་ནོར་གནག་ནད་ཀྱིས་ཤི་བའི་གནས་ཚུལ་ཉུང་དུ་ཕྱིན་པ་དང་ད་དུང་འོ་མའི་ཐོན་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ད་ཆ་ང་ཚོར་ནོར་གནག་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་བྱུང་ཞེས་བཤད།

གཉིས།

ཝང་ཚུང་གིས་གྲོང་སྡེར་བཅའ་སྡོད་བྱེད་དུས་སེམས་བརྟན་པོའི་ངང་བསྡད་དགོས་པ་དང་སེམས་རྣམ་དག་གིས་བསྒྲུབ་དགོས་པ་ལས་ལས་འགན་ཞིག་དང་བརྒྱུད་རིམ་ཞིག་རེད་བསམས་ནས་སྒུག་ཅིང་བསྡད་ན་མང་ཚོགས་དང་བར་ཐག་རིང་དུ་འགྲོ་བ་ལས་དོན་དག་ཅི་ཡང་འགྲུབ་མི་ཐུབ། གྲོང་སྡེའི་ལས་དོན་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་གྲོང་སྡེའི་ཡུལ་མི་ཡིན་པར་བསམ་དགོས། གྲོང་སྡེ་དེ་རང་ཉིད་ཀྱི་ཁྱིམ་ལྟར་བརྩིས་ནས་མང་ཚོགས་ཀྱི་དོན་དུ་བསྒྲུབ་དགོས། མང་ཚོགས་ཀྱི་ཆེད་དུ་རྒྱུག་དགོས། ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་ཤེས་དགོས། དེ་འདྲ་བྱས་ན་མང་ཚོགས་ཀྱི་དཀའ་ངལ་ཤེས་ཐུབ་ལ་ཐག་གཅོད་ཀྱང་ཐུབ་ཀྱིན་རེད་ཅེས་བཤད།

ཝང་ཚུང་གིས་སེམས་གཅིག་བློ་གཅིག་ངང་མང་ཚོགས་ཀྱི་དོན་དུ་ལས་དོན་བསྒྲུབ་པར་ཡུལ་མི་ཚོའི་བསྔགས་བརྗོད་ཐོབ་ཡོད། ཁོང་དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་ཏུ་བཅའ་སྡོད་བྱས་པ་ནས་ད་ལྟའི་བར་རང་ཉིད་བཅའ་སྡོད་བྱེད་པའི་དགོན་གསར་གྲོང་སྡེར་ལས་དོན་བསྒྲུབ་པར་མ་ཟད། རྒྱུན་དུ་མཁར་སྒང་ཡུལ་ཤོག་གི་གྲོང་སྡེ་གཞན་དག8ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་བརྟག་དཔྱད་བྱས་ནས་མང་ཚོགས་ལ་བྱ་བ་ཡག་པོ་བསྒྲུབ་ཡོད།

ཁོང་གིས་སྔ་རྗེས་སུ་ཞོག་ཁོག་ས་བོན་རྒྱ་མ10000རག་ཐབས་བྱས་ནས་མཁར་སྒང་ཡུལ་ཤོག་བྲག་ལུང་གྲོང་སྡེའི་ཞོག་ཁོག་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བར་སྤྱད་པ་དང་། གྱོན་ཆས་ཆ100ལྷག་བསྡུས་ནས་དཀའ་ངལ་ཡོད་པའི་དུད་ཚང་ལ་སྤྲད། སྒོར་ཁྱོན2000ལྷག་རི་བའི་སྤྱི་ཚོགས་ཞལ་འདེབས་ཀྱི་སློབ་སྦྱོང་ཡོ་ཆས་སློབ་མ་ཚོར་བྱིན། འབྲེལ་གཏུག་རོགས་སྐྱོར་ཚན་པས་དཔེ་དེབ་ཞལ་འདེབས་བརྒྱབ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཐད་སྤྱད་པ། མ་དངུལ་སྒོར5000རག་ཐབས་བྱས་ནས་དབང་སྐྱོན་ཅན་གྱི་གཅེས་སྐྱོང་བྱ་གཞག་ལ་སྤྱད་ཡོད། མཐུན་སྦྱོར་མ་དངུལ10000ལྷག་རི་བའི་དངོས་ཟོག(འབྲས་དང་།སྣུམ།ཇ)མཁར་སྒང་ཡུལ་ཤོག་བྲག་ལུང་གྲོང་སྡེ་དང་དགོན་གསར་གྲོང་སྡེའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྐྱོད་པའི་མཐུན་འབྲེལ་དུད་ཚང་ལ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་སོགས་ཀྱི་ཐད་སྤྱད་ནས་ཡུལ་མིར་དཀའ་ངལ་སེལ་རོགས་བྱས་ཡོད།

གསུམ།

གྲོང་སྡེར་བཅའ་སྡོད་བྱས་ནས་ལོ་གཅིག་སོང་རིང་། དགོན་གསར་གྲོང་སྡེའི་ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད། དགོན་གསར་གྲོང་སྡེའི་གྲོང་སྡེའི་བཅའ་སྡོད་ལས་དོན་རུ་ཁག་གཞན་དག་གིས་ད་ཆ་དགོན་གསར་གྲོང་སྡེའི་ཐོན་སྐྱེད་ཐད་འཕེལ་རྒྱས་ཕྱིན་པ་དང་ཡུལ་མིའི་འཚོ་བ་ཡང་སྔར་བས་ཕྱུག་པོར་ཕྱིན་པ། ཡུལ་སྲོལ་ཡང་སྔར་བས་ཞི་མཐུན་དང་ཤེས་དཔལ་ལྡན་པར་གྱུར་ཡོད་ཅེས་བཤད།ཝང་ཚུང་གིས་དགོན་གསར་གྲོང་སྡེའི་མ་འོངས་པའི་འཆར་གཞིའི་སྐོར་གླེང་དུས། ཡུལ་སྡེ་དར་རྒྱས་གཏོང་བའི་འགག་རྩ་ནི་ཐོན་ལས་སྟོབས་ཆེར་གཏང་རྒྱུ་དེ་ཡིན།ཕྱིན་ཆད་ངས་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ལས་དོན་ཁག་བཞི་བསྒྲུབ་འདོད་ཡོད་པ་སྟེ། གཅིག་ནི་ཚན་རིག་ཁྱབ་གདལ་སློབ་གསོ་དང་ཟུང་འབྲེལ་བྱས་ནས་གྲོང་སྡེའི་ལས་བྱེད་པའི་མཚན་མོའི་སློབ་གྲྭ་བཙུགས་ནས་སྤྱི་སྐད་སྦྱོང་པའི་བྱེད་སྒོ་མུ་མཐུད་སྤེལ་བས་མ་ཚད་ཡུལ་ཤོག་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ9རུ་ཁྱབ་གདལ་གཏང་རྒྱུ་ཡིན་པ་དང་། དུས་མཉམ་དུ་ད་དུང་དགོན་གསར་གྲོང་སྡེ་དང་ཐ་ན་ཡུལ་ཤོག་ཡོངས་སུ་གཟའ་མཇུག་ཏུ་སློབ་ཆུང་སློབ་མའི་དབྱིན་ཡིག་ཟུར་ཁྲིད་འཛིན་གྲྭ་དང་ཚན་རིག་ཁྱབ་གདལ་སློབ་ཚན་འཛུགས་རྒྱུ་ཡིན། གཉིས་ནི་སྔོན་དཔག་བྱས་ན་འདི་ལོའི་དབྱར་ཁར་དཀར་མཛེས་རྫོང་གིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འགྲན།འཛུགས་སྐྲུན་བྱེད་ཅེས་པའི་ཁོར་ཡུག་འོག་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་ཡོད་པས་དགོན་གསར་གྲོང་སྡེའི་སྐབས་དང་པོའི་ཞིང་འབྲོག་མང་ཚོགས་ཀྱི་ལོ་ལེགས་དུས་ཆེན་གཉེར་ནས་གཞི་ཁྱོན་ཆུང་བའི་ནས་འཚོལ་བསྡུ་དང་།ཞོག་ཁོག་སྔོག་འཐུ།རྩམ་པ་བཟོ་བ་སོགས་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་ནས་ཞིང་པའི་འབབ་འཕར་ལ་སྔར་བས་བསྐུལ་ཏེ་རྒྱ་ཆེ་བའི་ཡུལ་མིའི་ཕྱི་ཕྱོགས་ཞབས་ཞུའི་ནུས་པ་དང་།སྤེལ་རེས་དང་མཉམ་འདྲེས་ནུས་པ་ཆེ་རུ་གཏང་རྒྱུ་ཡིན། གསུམ་ནི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཉག་རོང་མཚལ་རྡོའི་སྤྱི་གླིང་དང་དཀར་མཛེས་འདན་མ་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་ལ་བརྟེན་ནས་གཞི་ཁྱོན་ཆུང་བའི་ཚོད་ལྟ་བྱས་ཏེ་རྒྱ་སེ་མེ་ཏོག་གི་ཐོན་ལས་དར་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན། བཞི་ནི་ཐུན་མོང་དཔལ་འབྱོར་གཉེར་སྐྱོང་ཡག་པོ་མ་བྱུང་བར་དམིགས་ནས་སྤྱི་གཉེར་ཁང་དང་ཞིང་དུད་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་རིག་གནས་ཡོད་པ་དང་།ལག་རྩལ་ཤེས་པ།གཉེར་སྐྱོང་མཁས་པ།དོ་དམ་ལེགས་པ་བཅས་ཀྱི་ཆེད་ལས་མི་སྣ་ནང་འདྲེན་བྱས་ནས་ཐུན་མོང་འབྲོག་ར་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་གྲོང་སྡེའི་ནང་གི་བློ་རིག་གསལ་བའི་གཞོན་ནུ3ནས5གསོ་སྐྱོང་བྱས་ཏེ་རིག་གནས་དང་།ལག་རྩལ།གཉེར་སྐྱོང་།དོ་དམ་བཅས་ཀྱི་ཉམས་མྱོང་ཡུན་རིང་སློབ་སྦྱོང་བྱས་ནས་ཡུལ་སྡེ་དར་རྒྱས་འགྲོ་བར་བསྐུལ་རྒྱུ་ཡིན་ཞེས་བཤད།

ལོ་གཅིག་ལྷག་གི་རིང་། ཝང་ཚུང་གྲོང་སྡེ་དེའི་ཞིང་ནང་དང་རྩྭ་ཐང་། འབྲོག་ཁུལ་གྱི་ས་ཆ་སོ་སོར་མ་འགྲོ་ས་མེད་ཅིང་། འདི་ནི་ཁོང་གིས་གཞི་རིམ་དུ་རྐང་བཙུགས་ཏེ་བཅངས་པའི་བརྩེ་བ་དང་། སྐྱིད་སྡུག་མཉམ་མྱོང་བྱས་པའི་ཐོག་མའི་བསམ་འདུན་མཚོན་པ་ཞིག་ཡིན། ཁོང་གིས་ལང་ཚོ་དང་རྔུལ་ཆུ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བློ་སེམས་དཀར་བ་དང་། འབད་འབུངས་ཡར་བརྩོན་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་གྲོང་རྡལ་ཆུང་ངུ་འདི་དྲྭ་ཐོག་སྐད་གྲགས་ཁྱབ་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།