དཔྱིད་དཔལ།

རྣོ་ཟེར།        2023-05-12

ནམ་ཟླ་དཔྱིད་ཀ་སླེབས་བྱུང་།།

ས་གཞིའི་ཁ་དོག་གྱུར་སོང་།།

རྒྱ་ལྕང་ལོ་མའི་འགོ་ན།།

ལྕང་གླིང་འཇོལ་མོ་བབས་བྱུང་།།

ཁུ་བྱུག་སླེབས་པ་མིན་ཡང་།།

ཨ་ཅེ་འཇོལ་མོའི་གསུང་སྐད།།

དྲུག་འགྱུར་ཀ་ལ་པིང་ཀའི།།

དབྱངས་ལ་འཕྱ་སྨོད་བྱས་སོང་།།

སྤྲིན་དཀར་ལྷོ་ནས་རྒྱུ་འོང་།།

སྦྲང་ཆར་ས་ལ་བབས་བྱུང་།།

རྩི་ཏོག་ཕོན་པོ་རྒྱས་སོང་།།

དབྱར་གྱི་དཔལ་མོ་འཛུམ་བྱུང་།།

ནོར་ལུག་ཤ་ཤེད་རྒྱས་སོང་།།

བེ་འུ་ལྷས་ལ་འཁོར་བྱུང་།།

དཀར་མར་འོ་མའི་རྒྱ་མཚོ།།

གཡང་ཁྱིམ་ཚང་ལ་འཁོར་སོང་།།

  • ལེ་ཚན་སྔོན་མ།:མཚོ་བྱུང་ལྷ་མོར་འབོད་པ།
  • ལེ་ཚན་རྗེས་མ།:སྤྱིར་བཏང་བའི་སེམས།