ཞི་ཅིན་ཕིང་གིས་ལུའུ་ཝང་ཏའི་སྲིད་འཛིན་ལ་གློག་འཕྲིན་བཏང་།

ཨོ་རྒྱན་གྱིས་བསྒྱུར།        2023-05-11

    སྤྱི་ཟླ5པའི་ཚེས8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་ཝང་ཏ་ལ་དྲག་ཆར་གྱིས་གནོད་འཚེ་ཕོག་པར་ལུའུ་ཝང་ཏའི་སྲིད་འཛིན་ལ་ཁ་ཅ་མེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།


     ཞི་ཅིན་ཕིང་གིས་གསུངས་དོན། ཉེ་ཆར་ལུའུ་ཝང་ཏའི་ས་ཆ་མང་པོར་དྲག་ཆར་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་། རྨས་མ། གནོད་ཐེབས་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལུའུ་ཝང་ཏ་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  • ལེ་ཚན་སྔོན་མ།:ལྷ་གྲུ་དྲུག་པ་རྟགས་ཅན་གྱི་འཕེན་གཏོང་མ་བྱས་གོང་གི་མཉམ་ལས་ནང་སྦྱོང་གི་ལས་འགན་ལེགས་སྒྲུབ་བྱུང་བ་དང་། མ་ལག་ཁག་གྲ་སྒྲིག་ཨང་གསར་ཞུས་ཟིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།