དཀར་མཛེས་རྫོང་གི་གྲོང་རྡལ་ཆུང་ངུ་འདི་དྲྭ་ཐོག་སྐད་གྲགས་ཁྱབ་འདུག།

བློ་བཟང་དོན་འགྲུབ།        2023-05-11

དཀར་མཛེས་རྫོང་གི་གྲོང་རྡལ་ཆུང་ངུ་འདི་དྲྭ་ཐོག་སྐད་གྲགས་ཁྱབ་འདུག།

   ཉེ་ཆར་དཀར་མཛེས་རྫོང་གི་དྲྭ་ཐོག་མཛེས་པའི་གྲོང་རྡལ་ཏེ་ཏན་ཞ་གྲོང་རྡལ་ཆུང་ངུ་དངོས་སུ་སྒོ་ཕྱེ་བ་དང་འབྲེལ་ལས་གཉེར་བྱེད་འགོ་བཙུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས་སྒོ་དབྱེའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་ཕུལ་བ་རེད། ཏན་ཞ་གྲོང་རྡལ་ཆུང་ངུ་ནི་དཀར་མཛེས་རྫོང་གི་ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་གཟུགས་རིས་ཤིག་ཡིན་པའི་ཆ་ནསG317ལམ་རྒྱུད་ཀྱི་ཡུལ་སྐོར་མཚོན་རྟགས་གསར་པ་ཞིག་བཏོད་ཡོད་ལ། དཀར་མཛེས་རྫོང་གིས་ས་ཁོངས་རང་བཞིན་གྱི་ཡུལ་སྐོར་བྱ་ཡུལ་སྐྲུན་པར་ཡང་སྐུལ་འདེད་ཐེབས་པ་རེད།

དཀར་མཛེས་རྫོང་གི་གྲོང་རྡལ་ཆུང་ངུ་འདི་དྲྭ་ཐོག་སྐད་གྲགས་ཁྱབ་འདུག།

   ཤེས་རྟོགས་བྱུང་བར་གཞིགས་ན། ཏན་ཞ་གྲོང་རྡལ་ཆུང་ངུ་གནས་སའི་འདན་མ་གྲོང་རྡལ་ལ་རྟ་རྒྱུག་གི་ཕ་ས་ཞེས་པའི་མཚན་སྙན་ཡོད་པ་དང་། གྲོང་རྡལ་ཆུང་ངུ་བསྐྲུན་པར་བརྒྱུད་འདན་མ་གྲོང་རྡལ་དང་དེའི་ཉེ་འཁོར་གྱི་གྲོང་དུ་རྟ་རྒྱུག་ལ་དགའ་པོ་བྱེད་མཁན་ཚོར་རྟ་གསོ་ཚགས་དང་།    སྦྱོང་བརྡར། ཉོ་ཚོང་བཅས་ཀྱི་ལས་སྟེགས་བསྐྲུན་པར་མ་ཟད། རྟ་རྒྱན་ཐོན་སྐྱེད་དང་། ལས་སྣོན།    ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཡང་ཐེབས་ཡོད། གྲོང་རྡལ་དེ་དཀར་མཛེས་རྫོང་གྲོང་ནས་སྤྱི་ལེ34ཡི་བར་ཐག་ཡོད་ཅིང་།  སྡེ་དགེ་དང་རྫ་ཆུ་ཁར་འགྲོ་དུས་དེར་བརྒྱུད་དགོས། གེ་སར་གནམ་གྲུ་ཐང་ཡང་ཁོངས་སུ་གནས་པ་དང་། གྲོང་རྡལ་ནས་ཡུལ་ཤོག་སྲིད་གཞུང་བར་སྤྱི་ལེ20ལས་མེད་ཅིང་རྒྱལ་ལམ317པ་དང་ཐག་ཉེ་བས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན། ས་གནས་དེ་ད་དུང་ཉག་རོང་གི་ཏན་ཞ་ས་དབྱིབས་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ20ལས་མེད། ཏན་ཞ་གྲོང་རྡལ་ཆུང་དུ་དུས་བཀག་ལྟར་རྟ་རྒྱུག་བྱེད་སྒོ་དང་རྟ་རྒྱན་སྤྲོས་འགྲེམས་སྟོན་ཉོ་ཚོང་སོགས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ཏེ་གེ་སར་གནམ་གྲུ་ཐང་ནས་རྒྱལ་ལམ317པའི་རྟ་རྒྱུག་ཐོན་ལས་གླིང་། ཏན་ཞ་ས་དབྱིབས་ཀྱི་ས་ཁོངས་ཧྲིལ་པོའི་བར་ཡུལ་སྐོར་ལམ་ཐིག་ཆགས་པ་དང་། ཡུལ་སྐོར་བ་ཚོས་མཛེས་ལྗོངས་ཀྱི་ཉམས་འགྱུར་མྱོང་རོལ་ཐུབ་པར་མ་ཟད། རྟ་རྒྱུག་རིག་གནས་ཀྱང་ཉམས་སུ་མྱོང་ཐུབ་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་ཁྲིད་ཐུབ་པ་རེད།


   བྱེད་སྒོར་ཀྲུང་གོའི་ཞབས་བྲོའི་ཕ་ས་མཚོན་བྱེད་ཀྱི་ཞབས་བྲོ་གང་མང་འཁྲབ་པ་དང་རྟ་ཐོག་མི་རིགས་ཀྱི་ཉམས་འགྱུར་མཚོན་པའི་རྟ་པ300ལྷག་གིས་རྟ་རྩལ་ངོམ་ཡོད། ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཀུའུ་ཕུང་གིས་རྟ་པ་ཚོ་དངོས་གནས་རྫིག་པོ་འདུག། སྔོན་མ་ནས་དཀར་མཛེས་རྫོང་གི་རྟ་རྒྱུག་འགྲན་རྩལ་ཆེ་བ་གོ་མྱོང་ཡོད། དེ་རིང་དངོས་སུ་མཐོང་དུས་དངོས་གནས་ལྟད་མོ་ཡག་ཐག་ཆོད་སོང་། ངས་དེ་རིང་བརྙན་དང་པར་མང་པོ་ཞིག་བླངས་ཡོད། ཕྱིར་རང་ཡུལ་ལ་ལོག་རྗེས་མི་ཚང་ལ་ལྟད་མོ་བསྟན་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་ལྔ་གཅིག་དུས་ཆེན་རིང་རིག་གནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་ཡོང་བར་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:དམངས་ཀྱི་དཀའ་ངལ་སེལ་བའི་ལག་ལེན་པ།། ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་པ།།
  • དོ་སྣང་ཆེ་བའི་རྩོམ།