དབྱར་འགོ་འཛུགས་དུས་ལྷ་སའི་ལྷ་ཀླུ་འདམ་ར་ནི་འདབ་ཆགས་འཚོ་བའི་ཁྱིམ་གཞིས་ཡག་པོར་གྱུར།

        2023-05-12

དབྱར་འགོ་འཛུགས་དུས་ལྷ་སའི་ལྷ་ཀླུ་འདམ་ར་ནི་འདབ་ཆགས་འཚོ་བའི་ཁྱིམ་གཞིས་ཡག་པོར་གྱུར།

   ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་དུ་གནས་ཡོད། ཆ་སྙོམས་མཚོ་འཕགས་སྨི3645ཡོད་ཅིང་། ཀྲུང་གོའི་རྒྱལ་ནང་གི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་རིམ་པའི་རང་བྱུང་འདམ་ར་ཞིག་ཡིན་ལ། འདམ་ར་དེས་ལྷ་སའི་གནམ་གཤིས་སྙོམས་སྒྲིག་དང་ཐལ་རྡུལ་དང་བྱེ་རླུང་འགོག་པ། ཁོར་ཡུག་མཛེས་བཟོ། གྲོང་ཁྱེར་ནང་ཁུལ་གྱི་མཁའ་རླུང་གི་བརླན་གཤེར་ཆེ་རུ་གཏོང་བ། ཁོར་ཡུག་སྤུས་ཚད་ལེགས་སུ་བཏང་ཐུབ་པས་དོན་སྙིང་གལ་ཆེན་ལྡན་ཡོད། དབྱར་འགོ་འཛུགས་དུས་སྐྱེ་དངོས་སྣ་ཚོགས་ལ་གསོན་ཤུགས་རྒྱས་པ་དང་ཁྲུང་ཁྲུང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་འབོར་ཆེན་གྱི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཅིང་མཛེས་སྡུག་རབ་ཏུ་ལྡན་པའོ།།

དབྱར་འགོ་འཛུགས་དུས་ལྷ་སའི་ལྷ་ཀླུ་འདམ་ར་ནི་འདབ་ཆགས་འཚོ་བའི་ཁྱིམ་གཞིས་ཡག་པོར་གྱུར།དབྱར་འགོ་འཛུགས་དུས་ལྷ་སའི་ལྷ་ཀླུ་འདམ་ར་ནི་འདབ་ཆགས་འཚོ་བའི་ཁྱིམ་གཞིས་ཡག་པོར་གྱུར།

  • ལེ་ཚན་སྔོན་མ།:མཛེས་སྡུག་ལྡན་པའི་འདམ་རའི་གྲོང་ཁྱེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།