བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་གསར་དུ་རྙེད་འདུག

    མི་དམངས་དྲ་བ།    2023-05-16

བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་གསར་དུ་རྙེད་འདུག

   གསར་འགོད་པས། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་བྲག་ཕུག་དགོན་སྡེ་(རྡོ་བརྐོས)ཆེད་དོན་བརྟག་དཔྱད་བྱེད་རིང་། གནའ་རྫས་རྟོག་ཞིབ་མི་སྣས་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ས་ཁོངས་ནས་བཙན་པོའི་དུས་སྐབས་ཀྱི་ནང་པའི་སྐུ་བརྙན་གྱི་བྲག་བརྐོས་3རྙེད་པ་རེད།    
   ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་། སྨར་ཁམས་རྫོང་རིག་གནས་ཅུས། ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་བཅས་ཀྱིས་གྲུབ་པའི་བརྟག་དཔྱད་ཚོགས་ཆུང་གིས་སྨར་ཁམས་རྫོང་འཇང་ཤང་ལྕང་ལུང་གྲོང་ཚོ་དང་སྤང་མདའ་ཤང་ལྷ་མདུན་གྲོང་ཚོའི་མངའ་ཁོངས་ཀྱི་གནས་3ནས་ཁྱོན་རྡོ་བརྐོས་སྐུ་བརྙན་11རྙེད་ཡོད་པ་དང་། དེའི་ཁྲོད་སྐུ་བརྙན་10ནི་བཙན་པོའི་དུས་སྐབས་ཀྱི་སྐུ་བརྙན་རེད། 
    བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་རིག་དངོས་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣ་འཕྲིན་ལས་ཚེ་རིང་གིས། སྨར་ཁམས་རྫོང་རིག་གནས་ཅུས་ཀྱི་ལས་དོན་མི་སྣས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ན། གནའ་རྫས་རྟོག་ཞིབ་མི་སྣས་བྲག་བརྐོས་སྐུ་བརྙན་དེ་དག་དང་བོད་ལྗོངས་ཤར་ཕྱོགས་ཀྱི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་ལ་ཐུན་མོང་རང་བཞིན་ངེས་ཅན་ལྡན་ཡོད་མོད། འོན་ཀྱང་། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན། དེ་དག་གི་ཁྲོད་དུ་ཞྭ་མོའི་མཐའ་ཡར་བརྫེས་པ་དང་སྒོར་དབྱིབས་ཀྱི་ཨ་ལོང་ཆེན་པོ་གྱོན་པ་སོགས་སྒྱུ་རྩལ་གྱི་མཚོན་ཚུལ་གསར་པ་ཡོད་པ་མ་ཟད། ད་དུང་ཇོ་སྐུ་དང་། གླང་ཞོན་འཕགས་པ་ཀུན་ཏུ་བཟང་པོ། སེང་ཞོན་འཇམ་པའི་དབྱངས་སོགས་ཅུང་མཐོང་དཀོན་པའི་བརྗོད་གཞི་ཡོད།
   བོད་ལྗོངས་བྲག་ཕུག་དགོན་སྡེ་དང་བྲག་བརྐོས་སྐུ་བརྙན་ལ་ཆེད་དོན་བརྟག་དཔྱད་བྱ་རྒྱུ་དེ་2020ལོའི་ཟླ་12པར་འགོ་ཚུགས་པ་རེད། གཞི་གྲངས་ཐོག་ནས་མངོན་པར། མིག་སྔའི་བར་བོད་ལྗོངས་སུ་རིམ་རྩིས་བྱས་ན་བྲག་ཕུག་དགོན་སྡེ་དང་བྲག་བརྐོས་སྐུ་བརྙན་227ལ་བརྟག་དཔྱད་བྱས་པའི་ནང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་7དང་། བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་23 གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་48།  སྤྱིར་བཏང་རིག་དངོས་ས་ཚིགས་199བཅས་ཡོད་པ་རེད།

བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་གསར་དུ་རྙེད་འདུག


  • ལེ་ཚན་སྔོན་མ།:ཏ་ལའི་ལོ་མའི་ཆོས་དཔེ་ཉམས་གསོ་གནང་མཁན་འགྱུར་མེད་ཚུལ་ཁྲིམས།
  • ལེ་ཚན་རྗེས་མ།:སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།