རྩ་ཆེའི་རི་དྭགས་བསད་པས། ཁྲིམས་ཀྱི་དྲ་བར་ཚུད་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-05-18

རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་ཁྲིམས་འགལ་ངང་བདག་མེད་སྲོག་ཆགས་རྔོན་རྒྱག་བྱེད་མི་ཆོག་པ་གསལ་པོ་བཏོན་ཡོད་ཀྱང་། མི་ཁག་གཅིག་གིས་རང་ཉིད་ཀྱི་འདོད་རྔམ་སྐོང་ཆེད། བདག་མེད་སྲོག་ཆགས་རྔོན་རྒྱག་གི་ནོར་འཁྲུལ་བསམ་བློ་འཁོར།

རྩ་ཆེའི་རི་དྭགས་བསད་པས། ཁྲིམས་ཀྱི་དྲ་བར་ཚུད་འདུག

ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་རྒྱལ་ཁབ་ཀྱི་སྟོངས་ལ་ཉེ་བའི་བདག་མེད་སྲོག་ཆགས་རྔོན་རྒྱག་དང་བསད་པའི་གྱོད་གཞི་ཞིག་རྩད་ཆོད་ནས་ཁྲིམས་འགལ་རྔོན་པ་4དང་། ཁྲིམས་འགལ་ཉོ་སྒྲུབ་བྱེད་མཁན་3འཛིན་བཟུང་བྱས་ཤིང་། གླ་རྩི་གསུམ་དང་། གླ་བའི་རྔ་མ་གཅིག རི་དྭགས་འཛིན་ཆས་ཀྱི་རྙི་4བཅས་གཞུང་བཞེས་བཏང་ཡོད་པ་རེད།

འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་པ་ཉི་ཆེ་གེ་མོ་དང་མིག་ཆེ་གེ་མོ་གཉིས་ཀྱིས་སྤྱི་ལོ་2020ལོ་ནས་2023ལོ་བར།  ལྷག་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་གཉིས་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རི་ནང་ཤང་དང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་། གྲ་ནང་རྫོང་སོགས་སུ་ཁྲིམས་འགལ་ངང་རྙི་བརྒྱབ་ནས་རྒྱལ་ཁབ་ཀྱི་རྩ་ཆེའི་སྲོག་ཆགས་གླ་བ་6བསད་ནས་གླ་རྩི་5བླངས་པ་མ་ཟད། ལག་ཏུ་ཐོབ་པའི་གླ་རྩི་དག་རིན་གོང་མི་འདྲ་བའི་ཐོག་ནས་བཙོངས་པའི་ཉེས་གསོག་དོན་དངོས་གསལ་པོ་བཤད་ཡོད་པ་རེད། 

ཉེན་རྟོག་ཕྱོགས་ཀྱིས། བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་དམངས་མི་རེ་ངོ་རེའི་འོས་འགན་ཡིན་པ་དང་། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་ཡིན་པའི་བདག་མེད་སྲོག་ཆགས་རྔོན་པ་རྒྱག་མི་ཆོག་པ་དང་། གལ་སྲིད་ཁྲིམས་འགལ་ངང་བདག་མེད་སྲོག་ཆགས་རྔོན་རྒྱག་དང་། ཉོ་ཚོང་། འདྲེན་ཚོང་སོགས་བྱས་པའི་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ། ཐད་ཀར་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱེད་པའམ་ཡང་ན་110ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་ཆོག་པའི་དྲན་སྐུལ་ཞུས་འདུག

  • ལེ་ཚན་སྔོན་མ།:རྒྱལ་ནང་གི་སྣུམ་གོང་ཆག་འདུག
  • ལེ་ཚན་རྗེས་མ།:ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ཟུར་གསལ་ཚོགས་འདུ་ཐོག་མ་དེ་འཚོགས་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།