རྒྱལ་ནང་གི་སྣུམ་གོང་ཆག་འདུག

    མི་དམངས་དྲ་བ།    2023-05-18

   ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་གི་འགྱུར་ལྡོག་ལྟར། ད་ལྟ་ལག་ལེན་བསྟར་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ལམ་སྲོལ་ལ་གཞིགས་ཏེ། 2023ལོའི་ཟླ་5ཚེས་16ཉིན་གྱི་ཆུ་ཚོད་24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར་380དང་སྒོར་365མར་ཆག་པ་རེད། ལེགས་སྒྲིག་བྱས་རྗེས། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ལྟེ་བའི་གྲོང་ཁྱེར་གྱི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་སིལ་ཚོང་རིན་གོང་མཐོ་ཤོས་ཟུར་བཀོད་རེའུ་མིག་ཏུ་གསལ་ཡོད། འབྲེལ་ཡོད་རིན་གོང་མཉམ་འགུལ་དང་ཁ་གསབ་སྲིད་ཇུས་དེ་ད་ལྟ་ལག་ལེན་བསྟར་བཞིན་པའི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་རེད།
     ཀྲུང་གོའི་རྡོ་སྣུམ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར། ཀྲུང་གོའི་རྒྱ་མཚོ་རྡོ་སྣུམ་བཟོ་ལས་ཚོགས་པ་ཀུང་སི་ཆེན་པོ་གསུམ་དང་། མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་སྣུམ་གྲུབ་མའི་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས་12315ལས་སྟེགས་བརྒྱུད་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱེད་ཆོག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:རྩ་ཆེའི་རི་དྭགས་བསད་པས། ཁྲིམས་ཀྱི་དྲ་བར་ཚུད་འདུག
  • དོ་སྣང་ཆེ་བའི་རྩོམ།