དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཤུགས་ཡོད་རྒུས་བསྐྲུན་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-22

སྤྱི་ཟླ5པའི་ཚེས15ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་དང་འབྲེལ་བ་ཡོད་པའི་ལས་ཀའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་ཏང་ཨུས“ཅན་བཞིའི་མཉམ་སྤེལ་དང་།གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”བཅས་ཀྱི་ལས་དོན་གྱི་གཞི་འཛིན་སར་དམིགས་ཤིང་། ཁུལ་ཨུའི་སྤྱི་ཡོངས་ལས་ཀའི་བཀོད་སྒྲིག་ལ་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་དུ་བཅང་བ་གཙོ་ཕྱོགས་སུ་བྱས་ནས་ཐོག་གནས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་དང་། ཐོག་གནས་ཀྱི་འགན་འཁྲི་ཁུར་ཕོད་པ། ཐོག་གནས་ཀྱི་བློ་ཁོག་སྐྱེད་སྲིང་། ཐོག་གནས་ཀྱི་གཟུགས་བརྙན་ལེགས་བསྟན། དར་སྲོལ་གཏོད་རྒྱུར་སྣེ་ཁྲིད་ཕོད་པ། སྔོན་ལ་འཕེལ་རྒྱས་གཏོང་ཕོད་པ་བཅས་བྱས་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་གསུངས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་དར་མདོ་གྲོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་སེང་ཞུས་པ་དང་ཚོགས་ཞུགས་ཁུལ་གྱི་མགོ་ཁྲིད་ཀྱིས་ཁག་སོ་སོར་གཏམ་བཤད་གནང་བ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་སྐབས་བརྗེ་བ་ནས་བཟུང་དར་མདོ་གྲོང་ཁྱེར་ཏང་ཨུས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་དངོས་སྒྲུབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་། གྲོང་ཡུལ་འཛུགས་སྐྲུན་ཐད་བཀྲག་མདངས་འཚེར་ས་མང་བ། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་རྒྱུན་འཁྱོངས་ཐུབ་པ། བསམ་པའི་ཉམས་འགྱུར་སྐྱོན་བྲལ་དང་དགེ་མཚན་ལྡན་པ་བཅས་བྱུང་ནས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་བྱ་གཞག་ཁག་ལ་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པར་དར་མདོ་གྲོང་ཁྱེར་ལ་འགྲན་སློང་སྣ་ཚོགས་འཕྲད་པར་མ་ཟད། ཐོབ་དཀའ་བའི་གོ་སྐབས་ཀྱང་ལོན་ཡོད། དར་མདོ་གྲོང་ཁྱེར་གྱིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཚད་དཔོག་ལ་ངོས་འཛིན་གསལ་པོ་བྱེད་པ། རིག་གནས་ཀྱི་རྨང་གཞི་ཟབ་པ་དང་། ས་བབ་ཀྱི་ཆ་རྐྱེན་ལེགས་པ། ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པོ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ཅིང་། དཀའ་སྤྱད་སྙིང་རུས་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། འབད་བརྩོན་ཁ་ཕྱོགས་ལ་དམིགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་རྒྱུན་ཆད་མེད་པར་ཡོང་བ་བྱ་དགོས། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་དམིགས་ནས་རིག་གནས་ཀྱིས་བླ་སྲོག་སྐྱོང་བ་དང་། ལས་རྣམ་གསར་པ་རྒྱ་སྐྱེད་གཏོང་བ། ཡུལ་སྐོར་ལམ་ཐིག་རྩེ་གྲ་བཟོ་བ། ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཤུགས་བསྣན་ཏེ་རིག་གནས་ཡུལ་སྐོར་གྲགས་ཅན་དར་མདོ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་དགོས། དེང་རབས་ཀྱི་མཐོ་སྒང་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྟེན་གཞི་བསྐྲུན་རྒྱུར་དམིགས་ཏེ་རྒྱལ་མོ་རྔུལ་ཆུའི་རྒྱུད་དང་། གླིང་ཆུ་རྒྱུད་ཀྱི་ལྟ་སྐོར་ཡུལ་སྐོར། ཁྱད་ཆོས་ལྡན་པའི་ཞིང་ལས། བདེ་གསོ་སྤྲོ་གསེང་སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྨང་གཞི་སྒྲིག་བཀོད་ལེགས་པའི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དེང་རབས་ཀྱི་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་པ། ལྷད་མེད་དང་སྐྱེ་ལྡན་གྱི་གསེར་ལྟ་བུའི་མིང་བྱང་གསལ་པོ་བཟོ་བ་བཅས་བྱ་དགོས། དཀར་མཛེས་ཁུལ་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་བསྐྲུན་རྒྱུར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱ་དགོས། གོ་རིམ་ལྡན་པའི་སྒོ་ནས་ལི་གཏེར་གྱི་འཐབ་ཇུས་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་འབྱུང་འཕྲོད་ཐཱན་ཉུང་དང་དམངས་ཕྱུག་དམངས་ཕན་གྱི་འཕེལ་རྒྱས་ལམ་བུར་ཡག་པོ་བསྐྱོད་དགོས། ཁུལ་ཡོངས་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ལྟེ་གནས་བསྐྲུན་རྒྱུར་དམིགས་ནས་ཟོག་འགྲེམས་ཐོན་ལས་སྟོབས་ཆེར་གཏོང་བ་དང་ཟོག་འགྲེམས་ཀྱི་ལྟེ་བ་བཙུགས་ཏེ་འཛད་སྤྱོད་ཀྱི་ཁོར་ཡུག་སྐྱེད་སྲིང་དང་།འཛད་སྤྱོད་ཀྱི་ཁོར་ཡུག་གཏོད་པ།འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱ་དགོས། འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏང་དགོས། ཚན་ཞིབ་སློབ་གླིང་དང་། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་།བཅའ་སྡོད་ཁེ་ལས་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤེས་ལྡན་པ་བསྡུ་ཤུགས་ཆེ་རུ་གཏོང་བ་དང་།ལག་རྩལ་མཉམ་འབྲེལ་འགག་སྒྲོལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་བའི་མཐོ་ས་ཧུར་ཐག་བསྐྲུན་དགོས། གྲོང་ཡུལ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏང་དགོས། མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཤུགས་ཡོད་རྒུས་དུས་བདེ་དར་མདོ་བསྐྲུན་དགོས། སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་དགོས། ཉེན་མེད་ཐོན་སྐྱེད་ལ་ཁག་ཐེག་བྱ་དགོས། གྲོང་ཁྱེར་ས་ཁོངས་ཀྱི་བཅོས་སྐྱོང་ལ་ཤུགས་རྒྱག་དགོས། ཞབས་ཞུ་འགན་སྲུང་ལེགས་པོ་བྱ་དགོས།

ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དར་མདོའི་ལས་དོན་ཁག་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས། ཐོག་གནས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་དང་། ཐོག་གནས་ཀྱི་འགན་འཁྲི་ཁུར་ཕོད་པ། ཐོག་གནས་ཀྱི་བློ་ཁོག་སྐྱེད་སྲིང་། ཐོག་གནས་ཀྱི་གཟུགས་བརྙན་ལེགས་བསྟན། དར་སྲོལ་གཏོད་སྣེ་ཁྲིད་ཕོད་པ། སྔོན་ལ་འཕེལ་རྒྱས་གཏོང་ཕོད་པ་བཅས་བྱས་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཤུགས་ཡོད་རྒུས་བསྐྲུན་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུ་མ་འཚོག་གོང་ཧྲེན་དབྱང་དར་མདོ་རྫོང་གི་གུར་དྲག་གྲོང་རྡལ་རི་སྐེད་གྲོང་ཚོ་དང་། འགག་ཟུར་སྨད་མའི་གྲོང་སྡེ་དང་མགོ་ཐང་གྲོང་རྡལ་གསེར་ལུང་གྲོང་སྡེ་དང་།ར་རྫི་གྲོང་སྡེ་སོགས་ལ་ཕེབས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་ཞིང་སྡེ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས།གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་།ལས་རིགས་སློབ་གསོ་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་རྒྱུས་ལོན་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཐོན་ཁུངས་རང་སྤུས་ལ་གཞིགས་ཏེ་ཞིབ་བསྡུར་གྱི་ལེགས་ཆ་བཏོན་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་ཤུགས་ཆེ་རུ་གཏང་དགོས།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་འཚོ་བའི་གད་སྙིགས་དབོར་འདྲེན་སྙིགས་འཁོར་སྤྲད་པའི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།