ཞི་ཅིན་ཕིང་གིས་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་རྟེན་འབྲེལ་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

    མི་དམངས་ཉིན་རེའི་ཚགས་པར།    2023-05-25

      རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དེའི་ནང་མི། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ལས་ཀ་བྱེད་མཁན་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ།        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5ཚེས21ཉིན་གློག་འཕྲིན་འབྱོར་གསལ། ཟླ5ཚེས21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་རྟེན་འབྲེལ་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དེའི་ནང་མི། རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་ལས་ཀ་བྱེད་མཁན་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་ནི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཁྱབ་ཁོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དེས་དབང་པོ་སྐྱོན་ཅན་གྱི་ལ་རྒྱར་སྲུང་སྐྱོང་དང་། དབང་པོ་སྐྱོན་ཅན་གྱི་དབང་ཆར་འགན་སྲུང་། དབང་པོ་སྐྱོན་ཅན་གྱི་བདེ་རྩ་ཆེར་གཏོང་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་ཡོད། ཀྲུང་གོས་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་དང་བྱ་སྤྱོད་དངོས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་བྱེད་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གོས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་དོ་ཁུར་ཆེན་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གི་སྤེལ་རེས་དང་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་བདེ་ཐང་གི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

        བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་རྟེན་འབྲེལ་མཛད་སྒོ་ནི་བདེ་ཐང་སླར་གསོའི་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་ཁུར་ནས་ཚེས21ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བདེ་སོས་ལོ་བརྒྱའི་མཛད་སྒོར་ཤིས་འཕྲིན་སྤྲིངས།
  • ལེ་ཚན་རྗེས་མ།:ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།