མཉམ་ལས་ལས་གཞི38ལ་ཆིངས་རྒྱ་བཞག་སྟེ་སྒོར་དུང་ཕྱུར249ལ་ཟིན་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2023-05-24

སྤྱི་ཟླ5པའི་ཚེས18ཉིན་ལ་དར་མདོ་གྲོང་ཁྱེར་དུ་འཚོགས་པའི་དཀར་མཛེས་ཁུལ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཚོགས་ཆེན་དུ་མཉམ་ལས་ལས་གཞིར་ཆིངས་རྒྱ་འཇོག་པའི་མཛད་སྒོ་སྤེལ་ཞིང་། ད་ཐེངས་ཁྱོན་མཉམ་ལས་ལས་གཞི38ལ་གན་རྒྱ་བཞག་པ་དང་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར249ལ་ཟིན་ཡོད། གན་རྒྱ་བཞག་པའི་ལས་གཞི་ནང་གཏེར་འདོན་ལས་རིགས་དང་།རིག་གནས་ཡུལ་སྐོར་ལས་རིགས། བཟོ་སྐྲུན་ལས་རིགས། ཞིང་ལས། འབྲོག་ལས། རྒྱ་བོད་ལུགས་གསོ་རིག་སྨན་རྫས་ལས་རིགས་སོགས་ཐོན་ལས་ཁྱབ་ཁོངས་ཚུད་ཡོད།

ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཚན་ཁག་གི་ཧྲུའུ་ཅི་ཐང་ཆང་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་སོགས་ཁུལ་གྱི་མགོ་ཁྲིད་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད། གན་རྒྱ་འཇོག་པའི་མཛད་སྒོ་དེ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་གྱིས་གཙོ་སྐྱོང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ད་ནས་འབུ་རྐོ་བར་འགྲོ་དུས་ཟླ་ཆུ་འབོག་མི་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།