སེར་ཤུལ་རྫོང་གིས་གསར་བརྗེའི་བཤམས་སྟོན་ཁང་ཞིག་སྒོ་འབྱེད་རྒྱུ་རེད།

མེ་ཏོག།        2023-05-23

     སེར་ཤུལ་རྫོང་གིས་ལོ་གཅིག་རིང་ལ་འཛུགས་སྐྲུན་བྱས་པའི་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་སྐྱོད་བཤམས་སྟོན་ཁང་དེ་སྤྱི་ཟླ5པའི་ཚེས23ཉིན་དངོས་སུ་སྒོ་འབྱེད་རྒྱུ་རེད།

     སེར་ཤུལ་རྫོང་གིས་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་དྲན་གསོ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། 2022ལོའི་ཟླ5པར་ནས་བཟུང་ལོ་ཕྱུག་གྲོང་རྡལ་ཐང་བོད་གྲོང་རྡལ་ཆུང་ངུའི་ཐོན་ལས་གླིང་ཁུལ་གྱི་ཁོངས་གཏོགས་རིག་གནས་ཐང་ཆེན་བསྐྲུན་ནས་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་སྐྱོད་བཤམས་སྟོན་ཁང་བསྐྲུན་འགོ་ཚུགས།

སེར་ཤུལ་རྫོང་གིས་གསར་བརྗེའི་བཤམས་སྟོན་ཁང་ཞིག་སྒོ་འབྱེད་རྒྱུ་རེད།


    བཤམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ800ཡོད། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་ཁྲི2980ཟིན། ཁྱོན་བསྡོམས་རྩ་ཆེའི་ལོ་རྒྱུས་ཀྱི་འདྲ་པར100ལྷག། རིག་དངོས200ལྷག་ཡོད། དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་བྱས་རྗེས་ལ་གསོན་ཉམས་དོད་པའི་འགྲེམ་སྟོན་དང་། གཙོ་གནད་དུ་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་ལོ་ཕྱུག་ཏུ་བསྡད་པའི་ལོ་རྒྱུས་འགྲེམ་སྟོན། ད་དུང་སེར་ཤུལ་རྫོང་གི་ཁ་སང་དང་དུས་རབས་གསར་པའི་དེ་རིང་འགྲེམ་སྟོན། སེར་ཤུལ་རྫོང་གི་མང་ཚོགས་ཀྱིས་མུ་མཐུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག“གསོ་རླུང་དཀོན་ཡང་ཕུགས་འདུན་མི་ཉམས། གསོ་རླུང་དཀོན་ཡང་བློ་གྲོས་མི་ཉམས་པ”བཅས་ཀྱི་སེར་ཤུལ་གྱི་སྙིང་སྟོབས་ལག་ལེན་ཏན་ཏིག་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་གོམ་སྟབས་བརྟན་བརླིང་དང་འོད་སྟོང་འཕྲོ་བར་བྱ་རྒྱུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

སེར་ཤུལ་རྫོང་གིས་གསར་བརྗེའི་བཤམས་སྟོན་ཁང་ཞིག་སྒོ་འབྱེད་རྒྱུ་རེད།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་འཚོ་བའི་གད་སྙིགས་དབོར་འདྲེན་སྙིགས་འཁོར་སྤྲད་པའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།