བོད་ལྗོངས་ནས་ཡ་གླིང་གི་ཤོང་སྡོང་མཐོ་ཤོས་དེ་རྙེད།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ།    2023-05-30

བོད་ལྗོངས་ནས་ཡ་གླིང་གི་ཤོང་སྡོང་མཐོ་ཤོས་དེ་རྙེད།

 ཡ་གླིང་གི་ཆེས་མཐོ་བའི་ཤིང་སྡོང་གི་མཐོ་ཚད་ག་ཚོད་ཡིན་ནམ། ཚེས26ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། པེ་ཅིང་སློབ་ཆེན་གྱིས་སྣེ་ཁྲིད་པའི་མཉམ་འབྲེལ་བརྟག་དཔྱད་རུ་ཁག་ཡར་ཀླུང་གཙང་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་སྨད་གྲོང་རྡལ་གྱི་ས་ཁོངས་ནང་སྨི་102.3ཟིན་པའི་བོད་ལྗོངས་ཀྱི་ཤུག་སྡོང་ཞིག་རྙེད་ཅིང་། ཤེས་རྟོགས་འདིས་འཛམ་གླིང་གི་ཆེས་མཐོའི་ལྗོན་ཤིང་རེའུ་མིག་གསར་སྒྱུར་བྱས་ནས། དེ་ནི་ཨ་རིའི་མཚོ་འགྲམ་གྱི་གསོམ་སྡོང་དམར་པོ་ཕུད་པའི་འཛམ་གླིང་གི་སྡོང་རིགས་མཐོན་པོ་ཨང་གཉིས་པར་གྱུར་པ་དང་། ཆབས་ཅིག་ཏུ་ཨེ་ཤ་ཡའི་ཟིན་ཐོ་གསར་པ་བཏོད་ནས། མིག་སྔའི་ཨེ་ཤ་ཡའི་ཤིང་སྡོང་མཐོ་ཤོས་དང་པོར་གྱུར་པ་རེད།

བོད་ལྗོངས་ནས་ཡ་གླིང་གི་ཤོང་སྡོང་མཐོ་ཤོས་དེ་རྙེད།
བོད་ལྗོངས་ནས་ཡ་གླིང་གི་ཤོང་སྡོང་མཐོ་ཤོས་དེ་རྙེད།

  • ལེ་ཚན་སྔོན་མ།:མི་བཞུགས་ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་འཕེན་གཏོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།