ཀྲུང་གོ་བ་ཟླ་བའི་གོ་ལར་འཛེཊ་པའི་གནས་ཚུལ་གསར་ཤོས།

    མི་དམངས་དྲ་བ།    2023-05-30

ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིན་ཞི་ཆང་གིས། ཉེ་དུས་རང་རྒྱལ་གྱི་མི་བཞུགས་ཟླ་བའི་གོ་ལར་རྟོག་ཞིབ་ཚད་ལེན་བྱེད་པའི་ལས་གྲྭའི་ཟླ་བའི་གོ་ལར་འཛེགས་པའི་དུས་མཚམས་ཀྱི་ལས་འགན་ལག་བསྟར་བྱེད་འགོ་ཚུགས་པ་དང་། 2030ལོའི་གོང་ཀྲུང་གོ་བ་ཟླ་བའི་གོ་ལར་ཐོག་མར་འཛེགས་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད། ད་ཆ། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས། མི་བཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབས་གསར་པ་(རྒྱང་སྐྱོད་ཨང་བཅུ་པ་)དང་། མི་བཞུགས་འཕུར་གྲུ་རབས་གསར་པ། ཟླ་ངོས་སྐམ་སར་འབབ་ཆས། ཟླ་འཛེགས་གྱོན་ཆས་སོགས་འཕུར་སྐྱོད་ཐོན་རྫས་ཞིབ་འཇུག་དང་གསར་བཟོ་བྱ་རྒྱུ་དང་། འཕེན་གཏོང་ར་བའི་འབྲེལ་ཡོད་ཚོད་ལྟའི་འཕེན་གཏོང་སྒྲིག་བཀོད་དང་སྒྲིག་ཆས་སོགས་ཞིབ་འཇུག་དང་གསར་བཟོ་གསར་འཛུགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཟིན། 

  • ལེ་ཚན་སྔོན་མ།:གོ་ལ་ཧྲིལ་པོའི་རིམས་འགོག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
  • ལེ་ཚན་རྗེས་མ།:བརྩམས་ཆོས་གྲཊ་ཅན་འདི་དག་རྒྱལ་མཚམས་སྒྲོལ་མི་ཆོག།
  • དོ་སྣང་ཆེ་བའི་རྩོམ།