བརྩམས་ཆོས་གྲཊ་ཅན་འདི་དག་རྒྱལ་མཚམས་སྒྲོལ་མི་ཆོག།

    མི་དམངས་དྲ་བ།    2023-05-30

ཟླ་5ཚེས་26ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱི་དྲ་ཚིགས་ཐོག《1911ལོའི་རྗེས་སུ་གྲོངས་པའི་ཡིག་གཟུགས་དང་རི་མོ་སོགས་བརྩམས་ཆོས་རིགས་8རྒྱལ་མཚམས་སྒྲོལ་རྒྱུར་ཚོད་འཛིན་བྱས་པའི་རྩོམ་པ་པོ་གྲགས་ཅན་གྱི་མིང་ཐོའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། 
     བརྡ་ཐོའི་ནང་བསྟན་དོན། རིག་དངོས་སྲུང་སྐྱོང་ལས་དོན་ལ་ཤུགས་རྒྱག་པ་དང་། ཉེ་རབས་དང་དེང་རབས་ཀྱི་རྩ་ཆེའི་རིག་དངོས་མི་ཤོར་བར་བྱེད་པ། རིག་དངོས་རྒྱལ་མཚམས་ལས་སྒྲོལ་བར་ཞིབ་བཤེར་གཏན་འབེབས་བྱེད་པའི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་1911ལོའི་རྗེས་སུ་གྲོངས་པའི་ཡིག་གཟུགས་དང་རི་མོའི་རིགས་ཀྱི་བརྩམས་ཆོས་རྒྱལ་མཚམས་སྒྲོལ་རྒྱུར་ཚོད་འཛིན་བྱས་པའི་རྩོམ་པ་པོ་གྲགས་ཅན་གྱི་མིང་ཐོ་ཞིབ་འཇུག་བྱས་ནས་བཟོ་བཅོས་བརྒྱབ་པ་དང་། 1911ལོའི་རྗེས་གྲོངས་པའི་རྫ་ཆས་དང་། འཇིམ་བརྐོས། རླུང་གཡབ། འཚེམ་དྲུབ། ཐམ་ག དུ་དེམ། ཚོན་རྩི་གཏོང་ཆས་སོགས་བརྩམས་ཆོས་རིགས་7གྱི་རྩོམ་པ་པོ་གྲགས་ཅན་གྱི་མིང་ཐོ་ཞིབ་འཇུག་བྱས་ནས་བཟོས་པ་རེད།
     བརྡ་ཐོའི་ནང་མངོན་གསལ། 1911ལོའི་རྗེས་སུ་གྲོངས་པའི་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་རྒྱལ་མཚམས་སྒྲོལ་མི་ཆོག་པའི་མིང་ཐོའི་ནང་། “བརྩམས་ཆོས་ཚང་མ་རྒྱལ་མཚམས་སྒྲོལ་མི་ཆོག་མཁན(41)དང་། “མཚོན་བྱེད་བརྩམས་ཆོས་རྒྱལ་མཚམས་སྒྲོལ་མི་ཆོག་མཁན(158)ཚུད་ཡོད”། དེའི་ནང་ཧྥེང་ཙེ་ཁའེ་དང་། ལི་ཁེ་རེན། ཝུའུ་ཀོན་ཀྲུང་། ཧྥུ་པའོ་ཧྲི་བཅས“བརྩམས་ཆོས་རྒྱལ་མཚམས་སྒྲོལ་མི་ཆོག་མཁན”གྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།
     2001ལོར་ཁྱབ་བསྒྲགས་བྱས་པའི《1949ལོའི་རྗེས་གྲོངས་པའི་རི་མོ་མཁས་ཅན་གྱི་བརྩམས་ཆོས་རྒྱལ་མཚམས་སྒྲོལ་རྒྱུར་ཚོད་འཛིན་བྱེད་པའི་གསལ་འབྱེད་ཚད་གཞི》དང་།  《1795ལོ་ནས་1949ལོའི་བར་གྱི་ཡིག་གཟུགས་དང་རི་མོ་མཁས་ཅན་གྱི་བརྩམས་ཆོས་རྒྱལ་མཚམས་སྒྲོལ་རྒྱུར་ཚོད་འཛིན་བྱེད་པའི་གསལ་འབྱེད་ཚད་གཞི》དང་། 2013ལོར་ཁྱབ་བསྒྲགས་བྱས་པའི《1949ལོའི་རྗེས་ཀྱི་ཡིག་གཟུགས་དང་རི་མོ་མཁས་ཅན་གྱི་བརྩམས་ཆོས་རྒྱལ་མཚམས་སྒྲོལ་རྒྱུར་ཚོད་འཛིན་བྱེད་པའི་གསལ་འབྱེད་ཚད་གཞི།(ཁག་གཉིས་པ།)》བརྡ་ཐོ་འདི་སྤེལ་ཉིན་ནས་བཟུང་མེད་པར་བཟོ་རྒྱུ་རེད། 

  • ལེ་ཚན་སྔོན་མ།:ཀྲུང་གོ་བ་ཟླ་བའི་གོ་ལར་འཛེཊ་པའི་གནས་ཚུལ་གསར་ཤོས།
  • ལེ་ཚན་རྗེས་མ།:མི་བཞུགས་ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་འཕེན་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།