ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།

ཡེ་ཤེས་ཀྱིས་བསྒྱུར།        2023-05-29

     ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།

    དར་མདོ་གྲོང་ཁྱེར་ཤར་རྒྱུད་ཀྱི་རི་མཐོའི་གྲོག་རོང་དུ་ཡུལ་ལྗོངས་མཛེས་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་གུར་དྲག་གྲོང་རྡལ་རི་དཀྱིལ་གྲོང་ཚོར་ཁམས་ཀྱི་ནོར་བུ་ས་ཆའི་མཚན་སྙན་ཡོད། དར་མདོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ32ཡོད་པ་དང་ས་བབ་མཐོ་ཚད་ཆ་སྙོམས་སྨི1400ཡོད། རི་དཀྱིལ་གྲོང་ཚོ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུས་ཡོངས་སུ་འཁྱུད་པའི་གྲོང་ཚོ་ཞིག་ཡིན་ལ། གནམ་གཤིས་དྲོ་ཞིང་ས་གཤིན་བཟང་ལ། འབྲུ་དྲུག་དང་སྔོ་ཚལ། ཤིང་ཏོག་སོགས་འདོད་ཡོན་ཕུན་སུམ་ཚོགས་ཤིང་། བོད་རྒྱ་ཁྱད་ཆོས་ལྡན་པའི་ཞིང་སྡེའི་སྡོད་ཁང་བཀོད་ལེགས་ཡིད་དུ་འོང་བ་དང་། ཞིང་སྡེའི་འཚོ་བར་མྱོང་རོལ་བྱ་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན། གྲོང་ཚོར་སྐྱོད་སྐབས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་གི་ལྕགས་ཐག་ཟམ་པ་ཞིག་བརྒྱུད་ནས་འགྲོ་དགོས་པ་དེ་ནི་གྲོང་ཚོ་དང་ཕྱི་རོལ་གྱི་འབྲེལ་ལམ་ཉག་གཅིག་ཡིན་ནོ།། 

ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།
ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།
ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།
ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།
ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།

  • ལེ་ཚན་སྔོན་མ།:གསེར་རྟའི་གྲོང་ཚོ་ཞིག་གི་མགོ་ཁྲིད་ལ་ཞིང་ཆེན་ནས་བྱ་དགའ་ཞིག་ཐོབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།