དཔྱིད་ཀ་སླེབས་བྱུང་།

བརྒྱད་པའི་དང་པོ།སྤེན་པ་སྒྲོལ་དཀར།        2023-06-05

དཔྱིད་ཀ་ནི་སོ་ནམ་པ་རྣམས་ས་ནག་དང་འཐབ་པའི་ནམ་དུས་ཤིག་ཡིན། དཔྱིད་ཀར་ཞིང་པ་རྣམས་ཀྱིས་རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་ངང་ལས་ཀར་འབད་བཞིན་ཡོད། ད་དུང་དཔྱིད་ཀ་སླེབས་པ་ན་གཉིད་དུ་ཡུར་བའི་སྲོག་ཆགས་རྣམས་གཉིད་ལས་སད།

དཔྱིད་ཀ་སླེབས་པ་ན་ང་རང་གིས་མཛེས་པའི་ཕ་ཡུལ་དེ་ཡང་དྲན་པར་བྱེད་པར་མ་ཟད་ཕ་ཡུལ་གྱི་མི་རྣམས་ཀྱང་དྲན་ནོ།། ང་ཚོའི་ཕ་ཡུལ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་ལ་དཔྱིད་ཀ་སླེབས་ན་དེ་བས་མཛེས། དྭངས་གཙང་གི་ཆུ་ཕྲན་དང་ད་དུང་བརྗིད་ཅིང་རྔམས་པའི་རི་བོ། དེ་བཞིན་ཡིད་དུ་འོང་བའི་སྔོ་ལྗང་རྩྭ་ཐང་བཅས་ནི་ངའི་འདྲེན་བྱེད་ལམ་དུ་ཡང་ཡང་དུ་འཆར། དཔྱིད་དུས་གནམ་གཤིས་དྲོ་གྲང་སྙོམ་པས་མི་རྣམས་ལ་ལུས་ཁམས་བདེ་བའི་ཚོར་སྣང་སྟེར་གྱིན་ཡོད། དཔྱིད་ཀ་སླེབས་ན་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་བཞིན་པའི་ཞིང་པ་རྣམས་དཀའ་ལས་ཤིན་ཏུ་ཁག་པོ་ཡོད་མོད། ཡིན་ནའང་ཞིང་པ་རྣམས་ཀྱིས་དཀའ་ངལ་ལ་འཚེར་སྣང་ཏོག་ཙམ་ཡང་མེད་པར་རྨོ་འདེབས་ལས་ཀར་འབད་བཞིན་འདུག་གོ།

དཔྱིད་ཀའི་དུས་སུ་མི་ཚང་མ་ལྷོད་པོའི་ངང་སྡོད་པའི་ཁོམ་པ་ཞིག་གང་ན་ཡོད། ཚང་མས་ལས་ཀའི་སྐོར་གླེང་གིན་ལས་ཀ་ལ་བྲེལ་བཞིན་ཡོད། དཔྱིད་ཀ་ནི་ང་ཡི་ངོས་ནས་བཤད་ན་དགའ་སྤྲོ་དང་ལྡན་པ་ཞིག་ཡིན་པར་མ་ཟད་སོ་ནམ་པ་རྣམས་ཞིང་ལས་ལ་བྲེལ་བའི་དུས་ཚིགས་ཁྱད་པར་བ་ཞིག་ཀྱང་ཡིན། དཔྱིད་ཀ་སླེབས་པས་རིམ་བཞིན་ཕ་ཡུལ་དང་ཕ་མ་སྤུན་མཆེད་ཡིད་ནས་ལྷང་ལྷང་དྲན་ནོ།།


  • ལེ་ཚན་སྔོན་མ།:དཔྱིད་ཀ་སླེབས་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།