བྲན། 2023-06-02
དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་ བའི་ལེགས་སྐྱེས།
ནམ་མཁའི་སྒལ་ཚིགས་འདི་ཧ་ཅང་སྔོ།
སྒལ་ཚིགས་ལ་བཏབ་པའི་སྐར་མ་འདི་དག།
བྱིས་པ་འུ་ཚོའི་མགུལ་རྒྱན་བྱས་ན་ཇི་འདྲའི་སྐྱིད་པ་ལ།
མིག་སྔོ་བའི་བུ་མོ་འདི།
ཤོག་ངོས་སུ་བྲིས་པའི་རི་མོ་མ་རེད།
ཕྱི་རྒྱལ་ནས་ཐོན་པའི་ཕྱི་མོ་ཞིག་རེད།
སྐྲ་ལོ་རིང་ཞིང་སེར་བ་འདི།
སྟོན་ཁའི་ཡུག་རྩྭ་དང་འདྲ་བས།
དེང་ཐོག་མི་མཛེས་མོད། ལྟ་བཞིན་ལྟ་བཞིན།
སྐྲ་ཡི་ལན་བུ་རེ་རེ་དང་།
གཡུ་རྡོག་ལྟ་བུའི་མིག་ཆུང་སྔོ་བ་གཉིས་ལས།
གང་ལ་བལྟས་ཀྱང་ཧམ་སེམས་མི་སྐྱེ་བ་མི་འདུག།
བྱིས་པ་ང་ཚོས་སློབ་གྲྭའི་གླིང་ནས་དེ་སྐད་སྨྲས།
ཤ་བ་སྐེ་རིང་དང་མཚུངས་པའི་ཕྱི་རྒྱལ་འདི་ཚོ།
ཁང་བའི་སྒོ་ཆུང་ལས་མི་ཤོང་བར་བསམ།
པན་ནའི་གླང་ཆེན་དང་འདྲ་བའི་སོག་པོ་འདི་ཚོ།
ཁང་བའི་སྒོ་ཆུང་ལས་མི་ཤོང་བར་སྙམ།
དེ་ལྟར་བསམ་ཞོར་ང་ཡུལ་ལ་ལོག་པའི་
ལམ་བར་ནས། དྲན་བྱུང་།
ངས་སློབ་དེབ་ངོས་ཀྱི་སློབ་ཚན་དེ་དྲན་བྱུང་།
རྔ་མོང་དང་ར་རྒན་ཞེས་པ་དེ། ཧ་ཧ། དགོད་བྲོ་བ་ལ།
བྱིས་པ་འུ་ཚོ། བློ་རྒྱ་ཁྲོན་པ་ལས་དོགས། ཧ་ཧ།
ཡང་བསྐྱར་ངས་སློབ་ཚན་ཞིག་དྲན་བྱུང་།
ཁྲོན་པའི་ནང་གི་སྦལ་བ། ཧིན།
ང་སྦལ་བ་དང་གཏན་ནས་མི་འདྲ།
རྩོམ་གསར། 10