གངས་ལྗོངས་ཀྱི་བྱིས་པར་སྐུལ་བ།

གྱང་ཆག།        2023-06-02

བྱིས་པ། སྨག་རུམ་ཟབ་ས་ནས་མེ་ལྕེ་བཞིན་མཆེད་ཤོག།

བྱིས་པ། ས་སྒང་གི་ཁྱོན་དུ་གླག་རྒོད་བཞིན་ཕུར་ཤོག།

བྱིས་པ། གཏན་ཚིགས་ཀྱི་ཉི་ཟླ་མཐོ་རུ་ཐེགས་ཤོག།

བྱིས་པ། རྨོངས་མུན་གྱི་ལྕགས་སྒྲོག་སིལ་བུར་གཏོར་ཤོག།

བྱིས་པ། ཡི་གེའི་སྐར་ཚོམ་ཕྱོགས་བཞིར་ཁྲོམས་ཤོག

བྱིས་པ། ཕུགས་བསམ་གྱི་འདབ་གཤོག་མཁའ་

རུ་རྐྱོངས་ཤོག།

བྱིས་པ། ཐེར་ཟུག་གི་རེ་འདུན་རྒྱང་ལ་སྲིངས་ཤོག

བྱིས་པ། ལ་རྒྱ་ཡི་དར་ཆ་མཁའ་ལ་སྒྲེངས་ཤོག

གངས་ལྗོངས་ཀྱི་བྱིས་པ་ཚོ།

ས་ཆེན་གྱི་སྒལ་ཚིགས་ཏེ་གངས་རིའི་སྤོ་རུ།

ཉི་མ་ཡི་གཟི་འོད་ལྟ་བུའི་ཟླ་བ་ཡི་བསིལ་ཟེར་ལྟ་བུའི་

དབྱངས་གསལ་གྱི་འོད་མདངས་ཕྲོས་ཤིག

སེང་གེའི་གད་རྒྱངས་ལྟ་བུའི་རྒྱ་སྟག་གི་ང་རོ་ལྟ་བུའི་

སྙིང་རྩ་འདར་བར་བགྱིད་པའི་ངར་སྐད་ཤགས་

ཀྱིས་སྒྲོགས་ཤིག།



  • ལེ་ཚན་སྔོན་མ།:ཁྱེད་ལ་འབུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།