2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་ཐེངས་4འགོ་འཚུག་གྲབས་ཡོད་པ།

    མི་དམངས་དྲ་བ།    2023-06-01

ཟླ5པའི་ཚེས30ཉིན། 2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་འདུ་ཚོགས་དེ་པཱ་ཏཱ་ལིན་མགྲོན་ཁང་དུ་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ལོ་གཉིས་ཀྱི་རྗེས་ནས་བསྐྱར་དུ་འཚོག་གྲབས་ཡོད་པའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་ཟླ6པའི་ནང་འཛམ་གླིང་རིམ་པའི་ཕྱི་རོལ་གྱི་གནའ་བོའི་རོལ་དབྱངས་མཚན་ཚོགས་ཀྱི་སྟོན་མོ་ཐེངས་4འབུལ་རྒྱུ་ཡིན་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་དེ་ཟླ6ཚེས2ཉིན་ནས་ཚེས3ཉིན་བར་པཱ་ཏཱ་ལིན་ལྕགས་རི་རིང་པོའི་ཝང་ཅིང་རིག་གནས་ཐང་ཆེན་དུ་《ཅེ་ཅེ་ཡེ་ཧྥུ་དང་མཱ་ལིང་སི་ཅི་མཉམ་དཀྲོལ་རོལ་མོའི་ཚོགས་པའི་·པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་》གཉེར་རྒྱུ་ཡིན་པ་རེད། 
ཀྲུང་གོའི་སྒྲ་མདངས་མཐོ་འབྲིང་གི་གླུ་དབྱངས་ཆེད་མཁས་པ་ལིའོ་ཁྲང་ཡུང་དང་། ཀྲུང་གོའི་སྒྲ་མདངས་མཐོ་བའི་གླུ་དབྱངས་མཁས་ཅན་སྐྱེས་པ་གསུམ་གྱི་གྲས་མོ་ལུན་ཧྭ། མཱ་ལིན་སི་ཅི་ཟློས་གར་ཁང་གི་གླུ་གར་ཚོགས་པའི་སྒྲ་མདངས་མཐོ་བའི་བུ་མོ་ཨ་པིན་ནཱ་-ཧྲ་ཅི་མུའུ་ལཱ་ཐའོ་བཅས་ཀྱང་འཁྲབ་སྟོན་དུ་ཞུགས་རྒྱུ་རེད།
   པེ་ཅིང་གྲོང་ཁྱེར་ཡན་ཆིན་ཁུལ་གྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཧུང་ཧོན་གྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རིག་གནས་གཏིང་ཟབ་པ་དང་། རིག་གནས་མཉམ་ལས་བྱས་ནས་ལོ་རྒྱུས་ཡུན་རིང་འདས། 2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་དེས་ཕྱོགས་གཉིས་པོའི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་ངེས་ཡིན་པ་དང་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་སྔར་ལྷག་ཐེབས་ངེས་རེད་ཅེས་གསུངས་པ་དང་། ད་ཐེངས་ཀྱི་གོ་སྐབས་ལ་བརྟེན་ནས་ཀྲུང་ཨུ་གཉིས་པོའི་རིག་གནས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ལྕགས་རི་རིང་པོ་དེ་བས་ཆ་ཚང་བའི་སྒོ་ནས་རྒྱས་བཤད་དང་འགྲེམ་སྟོན་བྱེད་པའི་མ་ལག་འཛུགས་རྒྱུའི་རེ་བའང་བྱེད་ཀྱི་ཡོད་པ་རེད།
   ཚོགས་ར་དང་བདེ་སྲུང་གི་རེ་བའི་ཚད་བཀག་ཐེབས་པའི་དབང་གིས། 2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་ཀྱི་སྤ་སེ་ཕྱི་ལ་མི་འཚོང་བར་ཡུལ་དངོས་སུ་གཟིགས་ནས་གདན་ཞུའི་རྣམ་པ་སྤྱོད་རྒྱུ་ཡིན་པ་རེད། ཐེངས་འདིའི་རོལ་དབྱངས་མཚན་ཚོགས་ནི་དམིགས་བསལ་ཟླ6པའི་ཚེས22ཉིན་ནས་ཚེས་23ཉིན་ཡུལ་དངོས་སུ་ཐད་གཏོང་བྱ་རྒྱུ་ཡིན་པ་རེད། ལྟད་མོ་བས་པོད་འཕྲིན་ཐོག་ནས་ཐད་གཏོང་བྱེད་པའི་ཡུལ་དངོས་ཀྱི་འཁྲབ་སྟོན་ལྟ་ཐུབ། དེ་ལྟར་བཀོད་སྒྲིག་བྱེད་དོན་ཡང་རོལ་དབྱངས་ལ་དགའ་པོ་ཡོད་མཁན་སྔར་ལས་མང་བར་རོལ་དབྱངས་ཀྱི་སྟོན་མོ་དེ་མྱོང་རོལ་ཐུབ་ཆེད་དང་། ལྟད་མོ་བའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐོག་ལྟད་མོ་བར་སྣ་མང་ཅན་གྱི་ལྟད་མོ་ལྟ་བའི་རྣམ་པ་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།: བློ་མཐུན་ཞི་ཅིན་ཕིང་གི《ཚན་རྩལ་རང་ཚུགས་རང་དར་ སྐོར་གླེང་བ》པར་འགྲེམས་བྱས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས“འཕུར་སྲུང་བྱ་སྤྱོད”ལ་བརྟེན་ནས་དུས་བྱའི་བདེ་འཇགས་སྲུང་བ།
  • དོ་སྣང་ཆེ་བའི་རྩོམ།