མི་དམངས་དྲ་བ། 2023-06-01
ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4པར་རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྟོན་གྲངས་གཙོ་བོ་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་ནང་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་མཐོ་པོ་ཡོད་པ་རེད། ཟླ་4པར་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་3150བཏང་བ་དེ་དུས་མཚུངས་ལས་13.6%འཕར་ཡོད། དེའི་ནང་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར་2375བཏང་བ་དེ་དུས་མཚུངས་ལས་15.6%འཕར་བ་དང་། ཆུ་ཐོག་སྐྱེལ་འདྲེན་ལ་མ་དངུལ་སྒོར་དུང་ཕྱུར་157བཏང་བ་དེ་དུས་མཚུངས་ལས་29.4%འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1བཏང་བ་དེ་དུས་མཚུངས་ལས་13.4%འཕར་ཡོད་པ་རེད།
ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། ཟླ་4པར་རང་རྒྱལ་གྱིས་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་46.6ཟིན་པ་དེ་དུས་མཚུངས་ལས་14.6%འཕར་ཡོད།
གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་བརྟན་པོའི་ངང་འཕར་ཞིང་། ཟླ་4པར་རྒྱལ་ཡོངས་ཀྱི་གྲུ་ཁར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་14.2ཟིན་པ་དེ་དུས་མཚུངས་ལས་11.8%འཕར་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10