དཔྱིད་ཀ་སླེབས་བྱུང་།

བརྒྱད་པའི་གཉིས་པ།སྐུ་བཟང་ནོར་སྐྱིད།        2023-06-05

དཔྱིད་ཀ་སླེབས་ན་ང་ཚོ་དཔྱིད་ཀའི་དཔལ་ཡོན་དང་ཐག་ཉེ་རུ་ཕྱིན་ཡོད། དཔྱིད་ཀའི་དུས་ལ་ང་ཚོའི་ཕ་ཡུལ་གྱི་རྩྭ་ཐང་སྔོ་ཐིང་ཐིང་དུ་གྱུར་པས་མི་རྣམས་ལ་བརྗོད་མི་ཤེས་པའི་བདེ་སྣང་རེ་སྟེར་གྱིན་ཡོད།

ང་ཚོའི་ཕ་ཡུལ་ལ་རྩྭ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་པར་མ་ཟད་ནོར་ལུག་ཧ་ཅང་མང་པོ་ཡོད་པས་གཡུ་མདོག་གི་རྩྭ་ཐང་དུ་མུ་ཏིག་གི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས། ཡུལ་ལུང་སོ་སོར་ཐོན་ཁུངས་མི་འདྲ་བ་རེ་ཡོད་པ་བསྙོན་དུ་མེད། ང་ཚོའི་ཕ་ཡུལ་ལ་ཤ་མར་ཐུད་སོགས་ཡུལ་ཐོན་ཁྱད་རྫས་ཤིན་ཏུ་མང་བས་མི་དམངས་ཀྱི་འཚོ་བ་དུས་སྔ་མོ་དང་བསྡུར་ན་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་འགྲོ་བཞིན་འདུག།

ཡུལ་ལུང་གཞན་ལ་ཤིང་རིགས་ཧ་ཅང་མང་པོ་སྐྱེ་ཡི་ཡོད། ཡིན་ནའང་ང་ཚོའི་ཕ་ཡུལ་ལ་ཤིང་རིགས་སྐྱེ་འཚར་བྱེད་ཁག་པོ་ཡོད། རྒྱུ་མཚན་ནི་ང་ཚོའི་ཕ་ཡུལ་གཅིག་ནས་ས་འབབ་མཐོ་བ་དང་།གཉིས་ནས་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པས་རེད།

ཕ་ཡུལ་ནི་རང་ཉིད་སྐྱེ་ས་འཚར་སའི་གནས་ཁྱད་པར་བ་ཞིག་ཡིན་པས། ཁྱེད་རང་ཕ་ཡུལ་ལ་མི་དགའ་ན། ཅི་ཞིག་ལ་དགའ།


  • ལེ་ཚན་སྔོན་མ།:བདག་གི་ཕུགས་བསམ།
  • ལེ་ཚན་རྗེས་མ།:དཔྱིད་ཀ་སླེབས་བྱུང་།