སི་ཁྲོན་ལི་ཧྲན་གྱི་ཅིན་ཁུག་ཧི་རུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར་བ།

མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།    ཞིན་ཧྭ་དྲ་བ།    2023-06-06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སི་ཁྲོན་ཞིང་ཆེན་ལི་ཧྲན་གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས4ཉིན་གྱི་ཆུ་ཚོད6སྟེང་། ལི་ཧྲན་གྲོང་ཁྱེར་ཅིན་ཁུག་ཧི་ཆུས་ཡོང་ཧྲིན་ཤང་ལུའུ་ཨར་ཕིན་ཧྲི་པན་ལུང་བ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་ཞིང་། དོན་རྐྱེན་བྱུང་མ་ཐག་འཕྲལ་མར་རོགས་སྐྱོབ་མི་སྣ600ལྷག་རྩ་འཛུགས་བྱས་ཏེ། ཆེད་ལས་ཅན་གྱི་རོགས་སྐྱོབ་སྒྲིག་ཆས་སྣ་ཚོགས་འཁྱེར་ནས་རོགས་སྐྱོབ་བྱས་པ་རེད། ཚེས4ཉིན་གྱི་ཆུ་ཚོད20སྟེང་འཚོལ་སྐྱོབ་བྱ་བ་མཇུག་སྒྲིལ་ལ། ཐེངས་འདིའི་དོན་རྐྱེན་ཁྲོད་མི19རྐྱེན་ལམ་དུ་ཤོར་ཞིང་མི5ལ་རྨས་ཡངས་མོ་ཕོག་ཤིང་། ཐེངས་འདིའི་དོན་རྐྱེན་གྱི་རྒྱུ་རྐྱེན་ཅི་ཡིན་རྟོག་ཞིབ་བྱེད་བཞིན་ཡོད། །

སི་ཁྲོན་ལི་ཧྲན་གྱི་ཅིན་ཁུག་ཧི་རུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར་བ།

པར་འདི་ནི་ཟླ6པའི་ཚེས4ཉིན་མེ་གསོད་རོགས་སྐྱོབ་མི་སྣས་ལི་ཧྲན་གྲོང་ཁྱེར་ཅིན་ཁུག་ཧི་ཆུས་ཡོང་ཧྲིན་ཤང་ལུའུ་ཨར་ཕིན་ཧྲི་པན་ལུང་བ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་ས་རུ་ཡུལ་དངོས་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་རེད། 

སི་ཁྲོན་ལི་ཧྲན་གྱི་ཅིན་ཁུག་ཧི་རུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར་བ།

པར་འདི་ནི་ཟླ6པའི་ཚེས4ཉིན་པར་བླངས་པའི་ལི་ཧྲན་གྲོང་ཁྱེར་ཅིན་ཁུག་ཧི་ཆུས་ཡོང་ཧྲིན་ཤང་ལུའུ་ཨར་ཕིན་ཧྲི་པན་ལུང་བ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་རྣམ་པ་རེད།


  • ལེ་ཚན་སྔོན་མ།:མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཆེན་པོ་བཅུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།