ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་ལན་ཆ་ཆེན་པོ་བྱུང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-06-06

“ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་ཧུར་ཐག་གཏོད་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་ནས། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་དཔལ་གྱི་རྨང་གཞི་བརྟན་པོའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་གོང་འཕེལ་གཏོང་བར། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་ནི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་རྒྱས་བཤད་གནང་ཡོད་པ་དང་། “ཟུང་འབྲེལ་གཉིས”ཀྱི་གལ་ཆེའི་དོན་སྙིང་ལ་ལན་གཏིང་ཟབ་བསྐྱོན་གནང་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་པའི་གལ་ཆེའི་ཆོད་གཏམ་བཏོན་གནང་ཡོད་པས། ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་ཧུར་ཐག་གཏོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས་པ་རེད།

     ཀྲུང་དབྱང་དྲིལ་བསྒྲགས་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་ཝང་ལེ་མིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐོག་ནས་ལོ་རྒྱུས་ཀྱི་རང་རྟོགས་ཤུགས་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་མཐོང་རྒྱ་ཡངས་པོ། རིག་གནས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་མཚོན་ཡོད་པས། དེ་ནི་བདེན་དོན་གྱི་འོད་སྟོང་འཕྲོ་ཞིང་རིག་གནས་ཀྱི་ཉམས་འགྱུར་ཟབ་མོས་ཕྱུག་པའི་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ་དང་། དེས“ཟུང་འབྲེལ་གཉིས”དང་ལྷག་པར་དུ“ཟུང་འབྲེལ་གཉིས་པའི”དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ལ་སྔར་བས་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་བ་བཅས་བྱས་ནས། “ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

     རིག་གནས་དང་ཡུལ་སྐོར་པུའི་སྤྱི་པའི་ཞབས་ཞུ་སིའི་སི་ཀྲང་ཁྲེན་པིན་པིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མར་ཁེ་སི་རིང་ལུགས་ཀྱི་ཚད་མཐོའི་འཚམ་མཐུན་རང་བཞིན་ནན་སྟོན་གནང་ཡོད་པ་དང་། “ཟུང་འབྲེལ་གཉིས”ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པས། ང་ཚོའི་དེང་རབས་ཀྱི་ཀྲུང་གོའི་གོང་འཕེལ་ལམ་བུར་དེ་བས་རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་ལྡན་པར་གྱུར།  འདི་ནི་རང་རེའི་ཏང་གིས་ཀྲུང་ཧྭའི་ཤེས་དཔལ་གོང་འཕེལ་གྱི་ཆོས་ཉིད་ཁོང་དུ་གང་ལེགས་ཆུད་པ་ཞིག་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། རིག་གནས་ཀྱི་གཙོ་རྐང་རང་བཞིན་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། རིག་གནས་རྒྱུན་འཛིན་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བརྒྱུད། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་དགོས་ཞེས་གསུངས་པ་རེད།

     པེ་ཅིང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སློབ་སྤྱི་གཞོན་པ་ཁང་ཀྲེན་གྱིས། དུས་རབས་གསར་པར་རིགས་པའི་གཞུང་ལུགས་གསར་པ་མཁོ་བ་དང་། རླབས་ཆེན་གྱི་ལག་ལེན་གྱིས་རིགས་པའི་གཞུང་ལུགས་རླབས་ཆེན་སྐྱེད་སྲིང་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་སྐབས་དང་ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱེད་པའི་དུས་རབས་ཀྱི་བརྗོད་གཞི་དང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་དེར་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་འདི་ནི་བསམ་བློར་བཅིངས་འགྲོལ་གཏོང་ཐེངས་ཤིག་ཡིན་པ་དམིགས་སུ་བཀར་ནས་ནན་སྟོན་གནང་ཞིང་། འདིས་ང་ཚོར་བར་སྟོང་གསར་པ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད། 

     རྒྱལ་ཁབ་རིག་དངོས་ཅུས་ཚན་རྩལ་སློབ་གསོ་སིའི་སི་ཀྲང་ལུའོ་ཅིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་སྣང་ཡངས་པོའི་ཐོག་ནས་“ཟུང་འབྲེལ་གཉིས”ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གཏིང་ཟབ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས“ཟུང་འབྲེལ་བྱེད་པའི”གྲུབ་འབྲས་ནི་ཕན་ཚུན་རམས་འདེགས་ཐུབ་རྒྱུ་ཡིན་པ་དང་། “ཟུང་འབྲེལ”ལས་བྱུང་བའི་རིག་གནས་གསར་པ་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིག་གནས་རྣམ་པར་འགྱུར་བ་བྱེད་པ། ང་ཚོས་དེ་བས་རྒྱ་ཆེ་བའི་རིག་གནས་བར་མཐོང་ནང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་ཆེའི་ཐོན་ཁུངས་གང་ལེགས་སྤྱད་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལམ་ལུགས་འཚོལ་ཞིབ་ཐུབ་པ་བྱེད་དགོས་ཞེས་ཁ་གསལ་བསྟན་གནང་ཡོད་ཅེས་གསུངས་པ་རེད། 

     རྒྱལ་སའི་དངོས་མང་བཤམས་མཛོད་ཁང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའོ་ཞའོ་ལིང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནི་གཟིགས་རྒྱང་རིང་ཞིང་། རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གནས་བབ་ཆེན་པོའི་ཐོག་ནས་རིག་གནས་རྒྱུད་འཛིན་གོང་འཕེལ་དང་འབྲེལ་བའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་གསལ་འགྲེལ་གནང་ཡོད་པས། ང་ཚོ་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གྱི་ལས་དོན་པ་ཚོས་ནན་ཏན་ངང་སློབ་སྦྱོང་དང་། གོ་བ་ནན་ཏན་ལེན་པ། དོན་འཁྱོལ་ཧུར་ཐག་བཅས་བྱ་དགོས་ཞེས་གསུངས་པ་རེད།

     ཀྲུང་གོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་འགོ་འཛིན་ཐེན་ཆིན་ཤིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཟུང་འབྲེལ་གཉིས་ལ་གསལ་འགྲེལ་གནང་བ་དེ་ནི་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་རླབས་ཆེའི་འབོད་བརྡ་བཏང་བ་ཞིག་ཡིན་ཞིང་། དེ་ནི་གཟིགས་རྒྱང་རིང་ཞིང་ཁ་ཕྱོགས་གསལ་བས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཐད་བརྗིད་ཆེའི་འཆར་འགོད་གནང་བ་ཞིག་ཡིན།  དེས་ཀྲུང་ཧྭ་མི་རིགས་ཀྱི་དུས་རབས་གསར་པ་དང་། རིག་གནས་གསར་པ། དར་རྒྱས་གསར་པ་བཅས་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཆེད། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

     ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་ངག་ཡིད་ལ་བརྟན་པོར་ངེས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བ། དྲང་སྲུང་གསར་གཏོད་ངང་ལོ་རྒྱུས་རྒྱུད་འཛིན་དང་དུས་རབས་གསར་པའི་བརྗིད་ཆེའི་ལེའུ་རྩོམ་རྒྱུ་མཐའ་འཁྱོངས་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


  • ལེ་ཚན་སྔོན་མ།:“ལོ་རྒྱུས་ཀྱི་ཚད་གཞི་དམའ་ཤོས་སུ་ཆག་པ”གསུམ་ལས་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་མཚོན་ཡོད།
  • ལེ་ཚན་རྗེས་མ།:མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཆེན་པོ་བཅུ།
  • དོ་སྣང་ཆེ་བའི་རྩོམ།