དར་མདོའི་འོ་སེ་མེ་ཏོག་དུས་ཆེན་ལ།། ཕྱོགས་བཞིའི་མགྲོན་པོ་བུང་བའི་ཚོགས་བཞིན་འཁོར།།

ཀུན་དགས་བསྒྱུར།        2023-06-07

དར་མདོའི་འོ་སེ་མེ་ཏོག་དུས་ཆེན་ལ།། ཕྱོགས་བཞིའི་མགྲོན་པོ་བུང་བའི་ཚོགས་བཞིན་འཁོར།།

རྒྱན་ཆས་འགྲོས་སྟོན་བྱ་ཡུལ།

དར་མདོའི་འོ་སེ་མེ་ཏོག་དུས་ཆེན་ལ།། ཕྱོགས་བཞིའི་མགྲོན་པོ་བུང་བའི་ཚོགས་བཞིན་འཁོར།།
བལ་ཤད་བཞིན་པའི་ཚུལ།

ཉེ་ཆར། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་དུ་གངས་དཀར་འོ་སེ་མེ་ཏོག་དུས་ཆེན་བསུ་བའི་བྱེད་སྒོ་སྤེལ་བ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཚོའི་མིག་དབང་དང་ཡིད་དབང་ཅིག་ཅར་འཕྲོག་ནས་ཁོ་ཚོ་ས་ཕྱོགས་སོ་སོ་ནས་གངས་དཀར་འོ་སེ་མེ་ཏོག་གི་རྒྱ་མཚོ་འཁྱིལ་བའི་གནས་མཆོག་སྐྱ་གད་གྲོང་རྡལ་དུ་འཛོམས་ནས་འོ་སེ་མེ་ཏོག་གི་མཛེས་ཉམས་དང་དྲི་ཞིམ་བསོད་ནམས་ཀྱི་བགོ་སྐལ་དུ་བླངས་ཤིང་།དབྱར་གྱི་དཔལ་ཡོན་ཁྲོད་མི་ཉག་གི་ཁྱད་ཆོས་དོད་པའི་གླུ་བྲོ་རིག་གནས་སོགས་ལ་མྱོང་རོལ་བྱས་པ་རེད།

སྔོ་ལྗང་ནས་ཞིང་འགྲེམ་ར་དང་འོ་སེ་མེ་ཏོག་རྒྱབ་ལྗོངས་སུ་བྱས་ནས་དེང་རབས་མཛེས་རིག་དང་མི་རིགས་རིག་གནས་མཉམ་དུ་འདྲེས་པའི་རྒྱན་ཆས་འགྲོས་སྟོན་དུ་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་མགྲིན་ཚབ་པ་དང་། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱི“དྲྭ་གྲགས” ཅུས་ཀྲང་ལིའུ་ཧུང་ཡང་དངོས་སུ་ཞུགས་ཡོད། ས་གནས་དེ་གས་མི་རིགས་ཀྱི་རིག་གནས་མྱོང་རོལ་དང་། ཇ་མོལ་འདུ་ཚོགས། ཁྱད་ཆོས་རིག་གནས་འགྲེམ་འཁྲབ་སོགས་རྣམ་གྲངས་དུ་མ་བཀོད་སྒྲིག་བྱས་ཡོད།ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཡུལ་དངོས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་ཐག་འཐག་པ་དང་བལ་ཤད་པ་སོགས་ལ་མྱོང་རོལ་བྱེད་བཞིན་ཡོད། རྒན་དར་གཞོན་གསུམ་གྱིས་གཟབ་མཆོར་སྤྲས་ཏེ་སྙན་འཇེབས་ལྡན་པའི་རོལ་དབྱངས་ལ་ཉན་ཞོར་མེ་ཏོག་རྒྱ་མཚོ་དང་ནས་ཞིང་གི་བར་གདང་ན་ཕར་འགྲོ་ཚུར་འོང་ངང་སྤྲོ་གསེང་ལ་རོལ།

དབྱར་ཁའི་གུང་གསེང་འཆར་ཉེར་ཡོད་པ་དང་བསྟུན་ནས་ཕ་མས་བུ་ཕྲུག་ཁྲིད་དེ་ཡུལ་སྐོར་ལ་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྐྱ་གད་གྲོང་རྡལ་ཉེ་འཁོར་གྱི་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་ཐམས་ཅད་གཟའ་འཁོར་གཅིག་གི་སྔོན་ནས་གཏམས་ཟིན་ནས་མེད་པ་དང་། ཞིང་རའི་ཟ་ཁང་ཕལ་ཆེར་གྱི་ཉིན་རེའི་ཆ་སྙོམས་ཡོང་འབབ་ནི་རྒྱུན་གཏན་གྱི་ལྡབ5ཡན་ལ་ཟིན་པ་རེད།

དར་མདོ་གྲོང་ཁྱེར་རིག་གནས་དང་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོར་རོལ་དབྱངས་དང་རང་བྱུང་མཉམ་འདྲེས་གང་ལེགས་བྱས་ཤིང་། མེ་ཏོག་དང་ཡུལ་སྐོར། ཞིང་ར་དང་ཡུལ་སྡེ། མི་དང་རང་བྱུང་བཅས་ཀྱི་བར་ཞི་མཐུན་ཡོང་རྒྱུ་མངོན་གསལ་དོད་དུ་བཏང་ཡོད་པས་ཡུལ་སྐོར་འཕེལ་རྒྱས་ཀྱི་གསར་གཏོད་ཚོད་ལྟ་ཞིག་ཡིན་ལ་མི་ཉག་རིག་གནས་བརྒྱུད་སྤེལ་དང་དར་མདོའི་ཁྱད་ཆོས་མངོན་པའི་ལག་ལེན་ཕན་འབྲས་ཡོད་པ་ཞིག་ཀྱང་རེད་ཅེས་ངོ་སྤྲོད་བྱས་པ་རེད།། 

  • ལེ་ཚན་སྔོན་མ།:སེམས་ཤུགས་བསྒྲིལ་ནས་འབད་འབུངས་ཡར་བརྩོན་བྱས།། ཕུགས་འདུན་གཉེར་ནས་ལེའུ་གསར་པ་བརྩམས།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།