དོན་དངོས་སྔོན་སྒྲུབ་ཀྱིས་སྐུལ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཁམས་བྱང་ས་ཁོངས་ཀྱི་ལྟེ་ཟུར་ཁྱོན་ཡོངས་ནས་བསྐྲུན་དགོས།

    བདེ་སྐྱིད་ཀྱིས་བསྒྱུར།    2023-06-12

དོན་དངོས་སྔོན་སྒྲུབ་ཀྱིས་སྐུལ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཁམས་བྱང་ས་ཁོངས་ཀྱི་ལྟེ་ཟུར་ཁྱོན་ཡོངས་ནས་བསྐྲུན་དགོས།

སྤྱི་ཟླ6པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དཀར་མཛེས་རྫོང་དུ་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་དཀར་མཛེས་རྫོང་གི་བརྟན་བརླིང་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་། གཙོ་གནད་ལས་འགན་ལ་མཉམ་དུ་ཞིབ་འཇུག་དང་ཇུས་འགོད་བྱས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བསྟར་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱ་དགོས། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། མཐོ་སར་ལངས་ནས་ཇུས་ཕུགས་གཉེར་བ་དང་། བློ་རྩེ་གཅིག་སྒྲིམ། དོན་དངོས་སྔོན་སྒྲུབ་ཀྱིས་སྐུལ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཁམས་བྱང་ས་ཁོངས་ཀྱི་ལྟེ་ཟུར་ཁྱོན་ཡོངས་ནས་བསྐྲུན་ཏེ། ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་དཀར་མཛེས་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བས་ལས་དོན་སྙན་ཞུ་བྱས་པ་དང་ཚོགས་ཞུགས་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཁག་བགོས་ནས་གཏམ་བཤད་བྱས་པ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་སྐབས་བརྗེས་པ་ནས་བཟུང་། དཀར་མཛེས་རྫོང་ཨུ་སྐབས་གསར་པས་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འབད་འབུངས་ཡར་བརྩོན་བྱས་པར་བརྟེན་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་རླིང་བྱུང་བ། གྲོང་ཡུལ་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། ད་སྔར། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བ་ནི་སྔར་བཞིན་ཁུལ་གྱི་གནས་ཚུལ་ཆེ་ཤོས་ཡིན་པས། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་ངེས་པར་དུ་སྐུལ་འདེད་གཏང་དགོས། དཀར་མཛེས་རྫོང་གིས་སྙིང་སྟོབས་སྐྱེད་པ་དང་། ངར་ཤུགས་གཅིག་སྒྲིམ། བབ་བསྟུན་འཕྲལ་སྒྲུབ། མུ་མཐུད་འབད་འཐབ་བཅས་བྱས་ནས་ཁམས་བྱང་གི་བརྟན་བརླིང་འཕེལ་རྒྱས་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་ཧུར་ཐག་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཚད་དཔོག་ལ་དམིགས་པ་དང་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱ་དགོས་པ་སྟེ། གཅིག་ནས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏང་དགོས་པ་དང་། གཉིས་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏོང་བར་དམ་འཛིན་ཡག་པོ་བྱ་དགོས། གསུམ་ནས་གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་མཐོ་རུ་གཏང་དགོས། བཞི་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོང་དགོས། ལྔ་ནས་ཇུས་ཤུགས་མཉམ་འདོན་དང་ཁྱོན་ཡོངས་ནས་འཕེལ་རྒྱས་བཏང་སྟེ་གཅིག་སྡུད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། དྲུག་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཡག་པོ་བྱ་དགོས། བདུན་ནས་བདེ་འཇགས་བརྟན་བརླིང་གི་ལས་དོན་ཡག་པོ་བསྒྲུབ་དགོས།

ཧྲེན་དབྱང་གིས་དཀར་མཛེས་རྫོང་གི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོན་དངོས་སྔོན་སྒྲུབ་དང་གསར་འབྱེད་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ལམ་གཉིས་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱ་དགོས། ལྷག་བསམ་ཟོལ་མེད་ཀྱིས་ཆབ་སྲིད་གཤིས་སྤྱོད་ཞུན་བརྡར་བྱ་དགོས། དམངས་ཀྱི་དོན་དུ་དངོས་དོན་གཉེར་བའི་སྤྱོད་གཙང་སྤྱོད་ཚུལ་ཡང་སྦྱོང་བརྡར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས“9·5”ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲོག་འགྲེལ་ཆེན་པོ་ལ་དགའ་བསུ་ཆེན་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།