ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་ཚོད་འཛིན་དང་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་།

    མི་དམངས་ཉིན་རེའི་ཚགས་པར།    2023-06-13

ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་ཚོད་འཛིན་དང་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས་ནན་གསུང་གནང་དོན།

ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་ཚོད་འཛིན་དང་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་།

ཟླ་6ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་ཚོད་འཛིན་དང་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ནས་ནང་སོག་ཏུ་བཅའ་སྡོད་མཐའ་སྲུང་དཔུང་སྡེའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་བཞིན་པ།

        དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་ཀྱི་འགོག་སྲུང་དང་དོ་དམ་ཚོད་འཛིན་ནུས་པ་ཆེ་རུ་བཏང་ནས་རྒྱལ་སྲུང་མཐའ་བརྟན་གྱི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཧུར་ཐག་སྐྲུན་དགོས།

        ■ དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ། མཐའ་མཚམས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་འགོག་སྲུང་དང་དོ་དམ་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྲུང་མཐའ་བརྟན་གྱི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ་དམག་དཔུང་འཛུགས་སྐྱོང་བྱས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

        ■ རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས། མཐའ་སྲུང་ལས་དོན་ནི་རྒྱལ་སྐྱོང་བདེ་འཁོད་ཀྱི་དོན་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དང་འབྲེལ་བ་ཡོད། མཐའ་སྲུང་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་ཡག་པོ་སྲུང་བ་དང་འགོག་སྲུང་ཡག་པོ་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་ཏུ་མཐའ་མཚམས་དོ་དམ་ཚོད་འཛིན་དང་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ནང་སོག་ཏུ་བཅའ་སྡོད་མཐའ་སྲུང་དཔུང་སྡེའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ། མཐའ་མཚམས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་འགོག་སྲུང་དང་དོ་དམ་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྲུང་མཐའ་བརྟན་གྱི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ་དམག་དཔུང་འཛུགས་སྐྱོང་བྱས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་གསུང་གནང་བ་རེད།

        ཟླ་དྲུག་པར་ནང་སོག་གི་ས་གཞི་ཆེ་མོར་རི་ཀླུང་སྔོ་མདངས་རྒྱས་ཤིང་རྩྭ་རྩི་ཤིང་གིས་མགོ་ལྕོག་ལྡེམ་ལྡེམ་བྱེད། སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་ཞི་ཅིན་ཕིང་གིས་ནང་སོག་དམག་ཁུལ་ཁང་གི་ལས་ཁུངས་སུ་ཕེབས་ནས་བྱང་ཕྱོགས་འཐབ་ཁུལ་དང་། སྐམ་དམག ནང་སོག་ཏུ་བཅའ་སྡོད་མཐའ་སྲུང་ལུའེ་ཤོག ནང་སོག་དམག་ཁུལ་ཁང་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་སྔ་རྗེས་སུ་གསན་པ་དང་། ཞི་ཅིན་ཕིང་གིས་ནང་སོག་ཏུ་བཅའ་སྡོད་མཐའ་སྲུང་དཔུང་སྡེས་དུས་ཡུན་རིང་པོའི་ནང་མེས་རྒྱལ་བྱང་ཕྱོགས་ཀྱི་བདེ་འཇགས་བརྟན་ལྷིང་གི་སྲུང་བཅད་བརྟན་དུ་གཏོང་ཆེད་ནུས་པ་བཏོན་པར་ཁས་ལེན་གང་ལེགས་གནང་བ་རེད།

        ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མཐའ་སྲུང་ལས་དོན་གྱི་སྒྲིག་སྲོལ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྟོབས་ཤུགས་དེ་བས་ཆེ་རུ་ཕྱིན་པ། རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་དུ་གཏོང་བའི་རྣམ་པ་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད། དམག་ཡོངས་ཀྱི་མཐའ་སྲུང་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་དང་། སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། མཐའ་སྲུང་བདེ་འཇགས་དང་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས། མཐའ་སྲུང་ལས་དོན་ནི་རྒྱལ་སྐྱོང་བདེ་འཁོད་ཀྱི་དོན་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དང་འབྲེལ་བ་ཡོད། མཐའ་སྲུང་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་ཡག་པོ་སྲུང་བ་དང་འགོག་སྲུང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་བསམ་བློ་དང་ཆབ་སྲིད་ཐོག་ནས་དཔུང་སྡེ་འཛུགས་སྐྱོང་དང་དཔུང་སྡེར་སྟངས་འཛིན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། མང་ཚོགས་ཀྱི་སྒྲིག་ཁྲིམས། ཕྱི་དོན་གྱི་སྒྲིག་ཁྲིམས། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དཔུང་སྡེ་སྤྱོད་གཙང་སྲ་བརྟན་དང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བརྒྱབ་སྟེ་དམག་འཐབ་ནུས་པ་འཛུགས་སྐྱོང་གི་འཚམ་མཐུན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཆ་འཕྲིན་ཅན་གྱི་མཐའ་སྲུང་དང་མཐའ་མཚམས་ཚོད་འཛིན་གྱི་ནུས་པ་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། མཐའ་སྲུང་གི་ལས་འགན་སྒྲུབ་སྟངས་ལ་འགྱུར་ལྡོག་གཏོང་བ། མཐའ་མཚམས་དོ་དམ་ཚོད་འཛིན་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་ནན་པོས་སྐྱོང་བར་དམ་འཛིན་ནན་པོ་བྱེད་པ་དང་། དམག་དཔུང་གི་སྒྲིག་སྲོལ་དང་སྒྲིག་ལམ་ནན་དུ་གཏོང་བ། དཔུང་སྡེའི་སློབ་གསོ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་དཔུང་སྡེའི་སྒྲིག་ལམ་ཚད་ལྡན་དང་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། འཐབ་ས་དང་པོར་དམག་མི་འཁྲིད་མཁན་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་མཐའ་སྲུང་གི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་མཐའ་སྲུང་དཔོན་དམག་རྣམས་ཧ་ཅང་དཀའ་ཚེགས་ཆེ་བས། རིམ་པ་ཁག་གིས་དཔོན་དམག་གི་བདེ་སྡུག་སེམས་ལ་བཞག་ནས་རང་འགུལ་ངང་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ་ཕྱོགས་ཁག་གི་འགན་ལེན་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་མཇུག་ཏུ་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གཏོང་བ་ནི་རང་རྒྱལ་མཐའ་སྲུང་གི་དམིགས་བསལ་ལེགས་ཆ་ཞིག་རེད། དམག་དཔུང་གིས་རང་འགུལ་ངང་ས་གནས་དང་འབྲེལ་གཏུག་དང་མཐུན་སྦྱོར་ཧུར་ཐག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྲུང་དཔུང་སྡེ་འཛུགས་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར། རྒྱལ་ཁབ་མཐའ་མཚོ་སྲུང་སྐྱོང་ཨུ་ལྷན་དང་རིམ་ཁག་མཐའ་མཚོ་སྲུང་སྐྱོང་ཨུ་ལྷན་གྱིས་འགན་ནུས་ཡག་པོ་བཏོན་ནས་སེམས་ནུས་གཅིག་སྒྲིལ་གྱིས་མཐའ་སྲུང་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་གསུང་གནང་བ་རེད།

        ཧོ་ཝུའེ་ཏུང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ནས་ཐོན་པའི་གནས་ཚུལ་གསར་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།