སྡིག་ཉེས་ཀྱི་ལག་རྗེས།

ལུག་རྫི།        2023-06-16

ཨ་ར་ཨ་ཚ་སྡུག་སྐད་ཀྱིས་མི་སངས།

ནག་ཐིག་ལེབ་མོ་འདག་རྫས་ཀྱིས་མི་དག

མདོ་འཛིན་པ་ཁ་བདེ་ནང་བཞིན།

"ཨ་ཁ་ཨ་ཙི་"སྐད་སྦུག་ལ་བརྒྱུས་ནས་མི་དམངས་

ཀྱི་སྙིང་རྗེ་ཉོ་མཁན་དེ།

སྒྱིད་ལུག་གིས་ཉིས་ཐོག་ཤེལ་དྲྭ་ནས་ཁྲུས་ཁུ་ཐད་

ཀར་བཤོས་ཏེ།

ལམ་འགྲོ་བ་རླུང་གིས་གསོད་མཁན་ཉེས་ཅན་པ་ཡིན་ན།

དེ་ལ་བཙོང་ཨེ་སྲིད།

སྙིང་རྗེའི་འབྱོར་ལྡན་ཚོར་ཞུ་བ་ཕུལ་ན།

བག་ལེབ་སྐམ་པོ་བཞིན། སྙིང་རྗེ་ཕྱེད་གཤགས་བཏང་

ནས་མི་གཉིས་ལ་བགོ་བཤའ་ཨེ་རྒྱག

སྙིང་རྗེའི་དྲི་བསུང་གིས་སྡིག་སྒྲིབ་འདག་པར་ཁོས་རེ་

བ་ཞེ་དྲག་རྒྱག་གི་འདུག་ཨང་།



  • ལེ་ཚན་སྔོན་མ།:བུ་མོ་ཞིག་ལ་བསྔགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།