ལི་ཆང་གིས་ཧོང་ཏུའུ་ལ་སིའི་ཙུང་ཐུང་ཁ་སི་ཐི་ལའོ་ལ་མཇལ་འཕྲད་གནང་།

    ཀྲུང་གོ་བོད་ཀྱི་དྲ་བ།    2023-06-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧོང་ཏུའུ་ལ་སིའི་ཙུང་ཐུང་ཁ་སི་ཐི་ལའོ་ལ་མཇལ་འཕྲད་གནང་།

ལི་ཆང་གིས་ཀྲུང་གོ་དང་ཧོང་ཏུའུ་རལ་སིའི་བར་འབྲེལ་བ་བཙུགས་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁྱེད་གཉིས་ཀྱིས་བཏོན་པའི་ཆབ་སྲིད་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུའུ་ལ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུའུ་ལ་སི་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད།  ཕྱོགས་གཉིས་པོས་གོམ་སྟབས་བརྟན་པོའི་སྒོ་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཧུར་ཐག་བྱས་ནས། མཉམ་ལས་ཀྱི་གྲུབ་འབྲས་ལ་བརྟེན་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

ཁ་སི་ཐི་ལའོ་ཡིས་བསྟན་དོན། ཧོང་ཏུའུ་ལ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཧོང་ཏུའུ་ལ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཕན་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧོང་ཏུའུ་ལ་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་གཞི་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཧོང་ཏུའུ་ལ་སི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།  །

  • ལེ་ཚན་སྔོན་མ།:ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་བར་སྣང་ཁམས་སུ་ཕུགས་འདུན་མངོན་འགྱུར་བྱེད།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་བརྡ་ཐོ་གསར་པ་ཞིག་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།