ཀྲུང་དབྱང་དངུལ་ཁང་གིས་དོན་འདི་ཁྱབ་བསྒྲགས་བྱས་འདུག

    མི་དམངས་དྲ་བ།    2023-06-15

ཚེས་13ཉིན་གྱི་དགོང་མོ། ཀྲུང་གོའི་མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱིས་རྒྱུན་གྲབས་དངུལ་བུན་གཡར་བའི་སྟབས་བདེ་(SLF)སྐྱེད་ཕྱོད་རེའུ་མིག་གསར་སྒྱུར་བྱས་པ་དང་། མཚན་མོའི་དུས་སུ་གཞི་ཚེག་10ནས་2.75%བར་དམའ་རུ་བཏང་བ་དང་། ཉིན་7ནང་གཞི་ཚེག་10ནས་2.90%བར་དམའ་རུ་བཏང་བ། ཟླ་བ་1ནང་གཞི་ཚེག་10ནས་3.25%བར་དམའ་རུ་བཏང་ཡོད།
      རྒྱུན་གྲབས་དངུལ་བུན་གཡར་བའི་སྟབས་བདེ་ནི་ཀྲུང་དབྱང་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་འཁོར་རྒྱུག་རང་བཞིན་གྱི་ཡོ་བྱད་མཁོ་འདོན་བྱས་པ་རེད། དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་གྲོས་འགོ་བཏོན་ཆོག་པ་དང་། དངུལ་རྩའི་སྒྲིག་གཞིས་རང་ངོས་ཀྱི་འཁོར་རྒྱུག་རང་བཞིན་གྱི་དགོས་མཁོར་གཞིགས་ནས་རྒྱུན་གྲབས་དངུལ་བུན་གཡར་བདེའི་རེ་བ་ཞུས་ཆོག

  • ལེ་ཚན་སྔོན་མ།:ཁྲལ་འཇལ་མཁན་འདི་རིགས་ལ་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་མ་རེད།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་བར་སྣང་ཁམས་སུ་ཕུགས་འདུན་མངོན་འགྱུར་བྱེད།
  • དོ་སྣང་ཆེ་བའི་རྩོམ།