སློབ་གསོ་པུའུ་ཡིས་བརྡ་ཐོ་གསར་པ་ཞིག་ཁྱབ་བསྒྲགས་བྱས།

        2023-06-15

སྤྱི་ཟླ6པའི་ཚེས12ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་སློབ་གསོ་པུའུ་ཡིས་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཁྱོན་སློབ་ཚན5750གཏན་འཁེལ་བྱས་ཡོད་པ་རེད།

     རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲའི་རིགས5750གྱི་ཁྲོད་དྲྭ་ལམ་སློབ་ཚན་ལེགས་ཤོས1095ཚུད་ཡོད་པ་དང་། རྟོག་བཟོའི་ཚོད་ལྟའི་སློབ་ཁྲིད་ཀྱི་སློབ་ཚན་རྩེ་གྲའི་རིགས472། དྲྭ་ཐོག་དང་དྲྭ་འོག་མཉམ་བསྲེས་རྣམ་པའི་སློབ་ཚན་རྩེ་གྲའི་རིགས1800། དྲྭ་འོག་སློབ་ཚན་རྩེ་གྲའི་རིགས2076། སྤྱི་ཚོགས་ལག་ལེན་གྱི་སློབ་ཚན་རྩེ་གྲ་རིགས302བཅས་ཚུད་ཡོད་པ་རེད།

     སློབ་གསོ་པུའུ་ཡིས་སྤྱི་ལོ2020ལོར་བཏོན་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲ་ཁག་དང་པོ་དང་བསྡུར་ན། ཁག་གཉིས་པའི་སློབ་ཚན་ལ་མངོན་གསལ་དོད་པའི་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི། ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་སློབ་ཚན་དེ་དངོས་གཞིའི་ཚན་ཁག་གི་མཐོ་སློབ804ནས་ཐོན་པ་དང་ཞིང་ཆེན་ཡོངས་ལ་ཁྱབ་ཡོད། གཉིས་ནི། སློབ་ཚན་གྱི་གྲུབ་ཆ་དེ་བས་ལེགས་པ་དང་སློབ་ཚན5750རིག་ཚན་ཚང་མར་ཁྱབ་པར་མ་ཟད། ཆེད་ལས་ཚང་མར་ཁྱབ་ཡོད། གསུམ་ནི། སློབ་ཁང་སྒྱུར་བཅོས་དེ་བས་གཏིང་ཟབ་ཏུ་བཏང་ནས་དྲྭ་ཐོག་སློབ་ཚན་དང་རྟོག་བཟོའི་ཚོད་ལྟའི་སློབ་ཚན་གྱི་སྒོ་དབྱེ་མཉམ་སྤྱོད་ལ་སྔར་བས་སྣང་ཆེན་གྱིས་དྲྭ་ཐོག་དང་དྲྭ་འོག་མཉམ་བསྲེས་རྣམ་པའི་སློབ་ཚན་གཏན་འཁེལ་གྱི་གྲངས་འབོར་མཐོ་རུ་བཏང་ནས་སློབ་གྲྭས་དྲྭ་ཐོག་གི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་གང་ལེགས་སྤྱད་དེ་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་རྒྱུར་སྔར་བས་སྐུལ་ལྕག་བྱ་རྒྱུ་བཅས་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་ཡིས་བེད་སྤྱོད་གདེང་འཇོག་དང་དུས་བཀག་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲ་འཛུགས་སྐྱོང་དང་བེད་སྤྱོད་བྱེད་ཚུལ་ལ་རྗེས་སྙེག་ལྟ་སྐུལ་དང་དོ་དམ་བྱ་རྒྱུ་རེད། མཐོ་གྲས་རང་བཞིན་དང་། གསར་གཏོད་རང་བཞིན། འགྲན་རྩོད་རང་བཞིན་བཅས་མུ་མཐུད་མཐའ་འཁྱོངས་བྱེད་པའི་ཚད་གཞིའི་འོག་སློབ་གསོ་པུའུ་ཡིས་ཁག་གསུམ་པའི་རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་སློབ་ཚན་རྩེ་གྲའི་གཏན་འཁེལ་ལས་དོན་སྤེལ་མགོ་བཙུགས་ནས་མཐོ་སློབ་དང་དགེ་རྒན་དེ་བས་མང་བ་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ནང་ཞུགས་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད།



ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ལི་ཆང་གིས་ཧོང་ཏུའུ་ལ་སིའི་ཙུང་ཐུང་ཁ་སི་ཐི་ལའོ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།