ཉག་རོང་རྫོང་གིས་ཐབས་སྣ་མང་ངང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས།

        2023-06-15

སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་དང་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོང་བྱ་ཆེད། ཉག་རོང་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་ལས་དོན་བསྒྲུབས་པ་རེད།

     དྲིལ་བསྒྲགས་ཁྲིད་སྟོན་གནད་ལ་ཁེལ་བར་བྱས་ནས་དམངས་ཡོངས་ཀྱི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་། དྲྭ་ཐོག་དང་ཡིག་ཐོག་གི་ཐབས་ལམ་སྤྱད་དེ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལག་བསྟར་སྲོལ་ཡིགསོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད། མིག་སྔའི་བར་དྲིལ་བསྒྲགས་དཔྱད་ཡིག1000ལྷག་ཙམ་སྤྲད་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནགས་ཚལ་སྲུང་སྐྱོང་གི་དམ་བཅའ་ཡི་གེ5000ལྷག་ཙམ་བཞག་པ་རེད།

     ཞིབ་བཤེར་ཐག་གཅོད་གནད་ཁེལ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་། ཁྲིམས་འཛིན་ནན་པོ་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ནས་ལམ་ངོས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་དུས་གཏོང་རླངས་འཁོར་ལ་སྐབས་བསྟུན་གྱིས་ཞིབ་བཤེར་བྱས་ཡོད། རི་སྐྱེས་སྲོག་ཆགས་རྔོན་བཟུང་དང་རྩི་ཤིང་ནགས་ཚལ་གཏོར་བརླག་གཏོང་བའི་ཉེས་གསོག་སྤྱོད་ངན་ལ་རྡུང་རྡེག་ཚ་ནན་གཏང་ཆེད། མིག་སྔར་ཁྲིམས་འཛིན་མི་སྣ་དང་རླངས་འཁོར་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད།

     ཞིབ་འཇུག་གི་མ་དངུལ་གཏོང་ཐབས་གནད་ལ་ཁེལ་བར་བྱས། གོང་རིམ་ནགས་ཚལ་དང་རྩྭ་ཐང་སྡེ་ཁག་དང་། ཨ་ལ་ཧྲནSEEསྐྱེ་ཁམས་སྲུང་སྐྱོང་མཐུན་ཚོགས། གཅེས་སེམས་ཁེ་ལས་པའི་སྟོབས་ཤུགས་བཅས་མཉམ་སྡེབ་བྱས་ནས། ཤང་ལང་གཤིས་ཡུལ་ཤོག་གི་ཞིང་ཆེན་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་། གསེར་འོད་གྲོང་རྡལ་གཡི་དམར་གྲོང་ཚོ། ཤང་ལང་གཤིས་ཡུལ་ཤོག་བཞག་རི་གྲོང་ཚོ་བཅས་ས་ཁོངས་གསུམ་དུ་ཉག་རོང་རྫོང་བྱི་ལ་ཚན་རིག་གི་སྲོག་ཆགས་དམར་ཕྱིའི་པར་ཆས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ལས་གཞི་སྤེལ་ཡོད་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི300ལྷག་ཙམ་བཏང་ཡོད་པ་རེད།




ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གསར་གཏོད་ཀྱི་བློ་རྒྱ་འབྱེད།། ལས་གཏོད་ཀྱི་ཕུགས་འདུན་གཉེར།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།