ཞི་ཅིན་ཕིང་གིས་ཤེས་དཔལ་རྗེས་ཤུལ་འཚོལ་ཞིབ་སྐོར་ལ་འདི་ལྟར་གསུངས།

        2023-06-15

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་བརྒྱུད་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ཚེ་གཞི་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཐུབ་ཅེས་གསུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། མི་རིགས་བསྐྱར་དར་ཡོང་བར་བྱེད་པ་བཅས་ཀྱི་མཐོ་ཚད་ཐོག་ནས་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ཀྲུང་གོའི་སྙིང་སྟོབས་རབ་དང་རིམ་པ་ལེགས་འདེམས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། མི་རིགས་བསྐྱར་དར་གྱི་བརྒྱུད་རིམ། མི་རིགས་ཀྱི་སྙིང་སྟོབས་བཅས་ཀྱི་བསམ་པའི་གདུང་རབས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད།


     པེ་ཅིང་གི་དཀྱིལ་ཐིག་བྱང་བསྲིངས་ཐིག་གི་སྟེང་དུ། བརྐོས་བྲིས་ཀྱི་ཡིག་འབྲུ་ཆེན་མོཞེས་པའི་ཡི་གེའི་ཐོག་ཏུ་བཀལ་བའི་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་། ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་ཁང་བཅས་ཀྱིས་མཉམ་དུ་པེ་ཅིང་གི་རིག་གནས་གསར་པའི་རྟགས་མའི་ཚོགས་གྲུབ་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ལོ་རྒྱུས་ཞིབ་འཇུག་ཁང་ནང་གནས་ཡོད། དེ་གར་གནའ་རྫས་རྟོག་ཞིབ་བྱས་པའི་རིག་དངོས་སྤུས་དག་དང་རྩ་ཆེའི་དཔེ་རྙིང་གི་ཚད་ལྡན་དཔྱད་ཡིག6000ལྷག་ཙམ་ཡོད་པ་དེའི་ཐོག་ནས་ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་གི་ཀྲུང་ཧྭའི་ཤེས་དཔལ་རིམ་འགྱུར་དང་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་ཀྱི་ལོ་རྒྱུས་རྣམ་པ་མངོན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ6པའི་ཚེས2ཉིན་འདིར་རྟོག་ཞིབ་གནང་སྐབས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་རིང་པོ་དང་ཀྲུང་ཧྭའི་རིག་གནས་ཤེས་ཚོར་གཏིང་ཟབ་པ་དེ་གནའ་རྫས་རྟོག་ཞིབ་རིག་པ་དང་ཁ་འབྲལ་ཐབས་མེད་ཅེས་ནན་གསུང་གནང་བ་རེད། “ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་དང་སྔ་དུས་ཀྱི་འཕེལ་རྒྱས་ལ་ཕྱོགས་བསྡུས་ཞིབ་འཇུགདངགནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོསོགས་ལས་གཞི་གལ་ཆེན་ལག་བསྟར་ཡག་པོ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་ལ་ཞིབ་འཇུག་དང་འཆད་འགྲེལ་ཡག་པོ་བྱ་དགོས་ཞེས་གསུངས།

     ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་གི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་། ཆགས་ཚུལ་དང་སྔ་དུས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་ལ་དོ་ཁུར་ཚད་མཐོ་གནང་བ་རེད། ཝན་ཧྲོའུ་བྲག་རྡོ་གནའ་མིའི་གནའ་ཤུལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ནས་ལེའང་ཀྲུའུ་གནའ་གྲོང་གི་ཤུལ་བཞག་རེ་འདུན་ཞུ་བའི་བར་དང་། ཏ་དབྱིང་གཙང་པོ་ཕྱོགས་བསྡུས་སྲུང་སྐྱོབ་དང་བེད་སྤྱོད་ནས་ཀྲེང་ཏིང་གནའ་གྲོང་རྙིང་པ་ཉམས་གསོ་བྱེད་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནའ་རྫས་རྟོག་ཞིབ་ཐད་ཤེས་མེད་པ་འཚོལ་ཞིབ་དང་། རྩ་བ་གསལ་སྟོན་གནང་བ། ཀྲུང་ཧྭའི་ཤེས་དཔལ་གྱི་ཉམས་འགྱུར་མངོན་པ་བཅས་ཀྱི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་གཉིས་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་དང་རྒྱ་ཆེ་ཞིང་གཏིང་ཟབ་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཤིག་དང་། དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི། འཛམ་གླིང་ཡོངས་དང་ཀྲུང་གོ་བའི་བསམ་པའི་འབྲེལ་ཐག། ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་ནོར་བུ་ལྟ་བུ་བཅས་རེད་ཅེས་བསྟན་གནང་བ་རེད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་དང་གནའ་རྫས་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 2022ལོར། ཧུའུ་པེའི་ཧྲི་གཡན་སློབ་གྲྭའི་ལེའང་ཙེ་གནའ་ཤུལ་དུཡུན་རྫོང་གི་མིཨང3པའི་མགོ་རུས་རྙེད་པ་དེ་ནི་ད་བར་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་སའི་དབུས་ཁུལ་ནས་ཤེས་རྟོགས་བྱུང་བའི་དུས་རབས་ཀྱི་ཆེས་ཆ་ཚང་བའི་ཀེར་ལངས་ཀླད་པའི་འགྱུར་རྡོ་ཞིག་ཡིན་པ་དང་ད་བར་གྱི་ལོ་ཁྲི100ཙམ་ཡིན་པ་རེད། ད་བར་གྱི་ལོ་ཁྲི13ལ་སླེབས་པའི་སི་ཁྲོན་ཕི་ལུའོ་གནའ་ཤུལ་ནས་སྤུས་ལེགས་ཀྱི་ལག་སྟ་དང་སྟ་རེ་སྲབ་མོ་ཞིག་རྙེད་པ་རེད། ཐའོ་སི་དང་། ཧྲི་ཀེང་། ལེའང་ཀྲོའུ། སན་ཤིང་སྟོད་སོགས་ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་ཞིབ་ལས་གྲྭར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རང་རྒྱལ་གྱི་ལོ་ངོ་ས་ཡ་གཅིག་གི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ངོ་ཁྲི་གཅིག་གི་རིག་གནས་ཀྱི་ལོ་རྒྱུས། ལོ་ངོ་ལྔ་སྟོང་གི་ཤེས་རིག་འཕེལ་བའི་ལོ་རྒྱུས་བཅས་དོན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་གི་ཟིལ་རླབས་དགུང་འཕྱུར་ཤེས་དཔལ་གྱི་རླབས་རྒྱུན་ནམ་ཡང་རྒྱུན་ཆད་མྱོང་མེད།

     ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་མེད་པ་དང་། རིག་གནས་དར་སྤེལ་དང་དར་རྒྱས་མེད་ཚེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་མི་སྲིད། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཀྲུང་ཧྭའི་ཤེས་དཔལ་དེ་དུས་རབས་འཕེལ་རྒྱས་དང་བསྟུན་ནས་དེ་བས་དབྱར་མཚོ་རྒྱས་པ་བཞིན་གྱི་གསོན་ཤུགས་འཕེལ་རྒྱུ་རེད། རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པ། མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་ཆེད་དུ་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱ་དགོས།




ཡོང་ཁུངས། གསར་འགྱུར་མཉམ་སྒྲོག། ཞིན་ཧྭ་གསར་འགྱུར།

ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སློབ་གསོ་པུའུ་ཡིས་བརྡ་ཐོ་གསར་པ་ཞིག་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།