དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།

སུན་ཧྥེ་ཡིས་པར་བླངས།        2023-06-16

སྙེ་མོ་རྫོང་ནས་བཟོས་པའི་སྤོས་ཀྱི་དྲི་མ་བཟང་བ་ནི་མི་མང་པོས་སྔ་ནས་ཤེས་མྱོང་ཡོད་ལ། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་སྤོས་ནི་བོད་རིགས་མི་དམངས་ཚོས་སྔར་ནས་བརྒྱུད་འཛིན་བྱེད་པའི་རིག་གནས་ཀྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད། མང་ཚོགས་དབུལ་ཐར་ཕྱུག་བསྒྱུར་གྱི་རམ་འདེགས་ཁྱད་ལྡན་ཐོན་ལས་ཤིག་ཀྱང་རེད།

བོད་སྤོས་ཀྱི་འབྱུང་གནས་བོད་ལྗོངས་སྣེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་ལོ1300ལྷག་གི་སྤོས་བཟོའི་ལོ་རྒྱུས་ལྡན། གྲོང་ཚོ་དེའི་གྲོང་མི་ཕྱེད་ཀས་སྤོས་བཟོ་བཞིན་ཡོད་ལ། ད་ལོ་ལོ45ལ་སོན་པའི་ཚེ་རིང་རྡོ་རྗེ་ནི་དེའི་ཡ་གྱལ་ཞིག་རེད།

ཐོན་མདའ་གྲོང་ཚོ་ནི་བོད་ཡིག་གསར་གཏོད་མཛད་མཁན་སློབ་དཔོན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན་པར་མ་ཟད། དེར་ལོ་ངོ་སྟོང་ཕྲག་གི་སྤོས་བཟོ་བའི་ལོ་རྒྱུས་ཡོད། སྙེ་མོ་རྫོང་གི་སྤོས་བཟོ་རྩལ་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པ་དང་། དེ་བཟོ་བའི་བརྒྱུད་རིམ་ཁྲོད་ལག་ཤེས་པས་ཐོག་མ་ཆུ་འཁོར་གྱིས་རྒྱུ་ཆ་གཙོ་བོ་ཤུག་པ་རྣམས་ཕྱེ་མར་བཏུལ་ནས་ཤུག་འདག་བཟོས་རྗེས། ཉི་མར་བསྐམས་ནས་སྤོས་བག་ཁག་བཟོ་དགོས། དེ་རྗེས་སྤོས་བག་ཁག་རྣམས་ཞིབ་མོར་བཟོས་ནས་སྤོས་འདམ་དུ་གྲུབ་པ་དང་། བསྡུར་ཚད་ནན་པོའི་ཐོག་ནས་གུར་གུམ་དང་གླ་རྩི་དང་། ཙན་དན་སོགས་བྲོ་རྫས་དང་སྨན་རྫས་མང་པོ་མཉམ་དུ་བསྡེབས་ནས་རྭ་ཅོར་བླུགས་ཏེ་སྤོས་ཐུར་ཕྲ་མོ་བཙིར་ནས་བསྐམ་དགོས། བསྐམས་ཚར་རྗེས་གཞི་ནས་སྤོས་གྲུབ་པ་རེད།

ལོ་བཅུ་ལྷག་གི་གོང་དུ་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཚེ་རིང་རྡོ་རྗེས་སྤོས་ཁུར་ནས་ལྷ་སའི་ཚོང་ཁང་ཆེ་ཆུང་ཚང་མར་འཚོང་གི་ཡོད། ད་ཆ་རྒྱལ་ཁབ་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ས་གནས་དེ་གའི་སྲིད་གཞུང་གིས་ཁྱབ་གདལ་ཤུགས་ཆེན་བཏང་བས་སྙེ་མོའི་སྤོས་གང་སར་སྐད་གྲགས་ཆོད་ཡོད། ན་ནིང་ཚེ་རིང་རྡོ་རྗེས་སྤོས་ཆག་ཁྲི10བཙོངས་པར་ཡོང་འབབ་སྒོར་ཁྲི50རག་ཐུབ་ཡོད།

ཚེ་རིང་རྡོ་རྗེས་ད་ལྟའི་བསམ་འདུན་ནི་དགེ་ཕྲུག་མང་ཙམ་བསྡུས་ནས་སྙེ་མོ་རྫོང་གི་དྲི་ཞིམ་སྤོས་དེ་ཁྱབ་རྒྱ་ཇེ་ཆེ་གཏང་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།
ཤུག་འདག་སྤོས་བག་ཁག་ཏུ་བཟོ་བཞིན་པའི་ཚུལ།

དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།
ཚེ་རིང་རྡོ་རྗེས་ཤུག་པ་གཏུབ་ནས་སྤོས་ཀྱི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་པའི་ཚུལ།

དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།
ཚེ་རིང་རྡོ་རྗེས་བོད་སྤོས་བཟོ་བཞིན་པའི་ཚུལ།

དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།
སྤོས་བག་ཁག་ལ་ཆུ་བླུགས་ཏེ་སྤོས་འདམ་བཟོ་བཞིན་པའི་ཚུལ།

དྲི་མ་ཡག་བྱུང་སྣེ་མོ་རྫོང་གི་སྤོས།། ཐོན་ལས་བཟང་པོས་ཕྱུག་པོའི་སྒོ་འཕར་ཕྱེ།།
ཚེ་རིང་རྡོ་རྗེས་སྨན་དང་བྲོ་རྫས་འདུལ་བའི་ཚུལ།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཤེས་དཔལ་རྗེས་ཤུལ་འཚོལ་ཞིབ་སྐོར་ལ་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།