ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བརྟག་ཞིབ་གནང་།

ཨོ་རྒྱན་གྱིས་བསྒྱུར།        2023-06-20

སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་པར་གཉེར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ཏེ། བོད་འབྲེལ་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་དགོས། 

     སྤྱི་ཟླ6ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ཏེ་སློབ་གསོ་སློབ་གཉེར་དང་། གཞི་རིམ་ཏང་སྐྱོང་། སློབ་མའི་ལས་ཞུགས། སློབ་གྲྭའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་དགེ་སློབ་ཡོངས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་པར་གཉེར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ཏེ། བོད་འབྲེལ་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་དགོས་ཞེས་གསུངས།

ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བརྟག་ཞིབ་གནང་།
བོད་ཡིག་ཡིག་གཟུགས་སློབ་ཁྲིད་གནས་ཚུལ་ལ་བརྟག་ཞིབ་གནང་བཞིན་པ།

      སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་རང་རེའི་ཞིང་ཆེན་དུ་བཙུགས་སྔ་བའི་སྐད་གཉིས་སློབ་ཁྲིད་ཀྱི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞིག་ཡིན་ལ་རྒྱལ་ནང་དུ་ཆ་ཚང་ལ་བརྒྱུད་རིམ་ལྡན་པའི་ངང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སློབ་སྦྱོང་བྱེད་སའི་སློབ་གྲྭའི་གྲས་ཤིག་ཀྱང་རེད། ཧྲེན་དབྱང་སློབ་གྲྭའི་ལོ་རྒྱུས་ཁང་དུ་ཕེབས་ཏེ་སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་ལ་རྒྱུས་ལོན་གནང་བ་དང་། སློབ་ཁང་དུ་ཕེབས་ཏེ་བོད་སྐད་ཡིག་དང་། བོད་ཡིག་ཡིག་གཟུགས། མི་རིགས་མཛེས་རྩལ། བོད་ལུགས་གསོ་རིག་སོགས་ཐད་ཀྱི་སློབ་ཁྲིད་གནས་ཚུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་བ་དང་། རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དགེ་རྒན་དཔུང་ཁག། ཞིབ་འཇུག་གྲུབ་འབྲས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་འཇོག་ཞིབ་ཕྲ་གནང་ཞིང་།  སློབ་གཉེར་དམིགས་ཡུལ་དང་། སློབ་གཉེར་ཁ་ཕྱོགས། སློབ་གཉེར་འདུ་ཤེས་བཅས་ལ་བསྔགས་བརྗོད་གནང་ཞིང་། སློབ་གྲྭར་འཕེལ་རྒྱས་དང་ཡར་ཐོན་འབྱུང་བར་རྟེན་འབྲེལ་ཞུས་པར་མ་ཟད། སློབ་གྲྭས་དཀར་མཛེས་ཁུལ་འཕེལ་རྒྱས་ཡོང་བར་རང་ཡུལ་གྱི་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་པར་བཀའ་དྲིན་ཆེ་ཞུས་པ་རེད།

     ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་རྒྱུས་རིག་གནས་གཏིང་ཟབ་ཅིང་། རིག་ཚན་འཛུགས་སྐྱོང་ལ་ཁྱད་ཆོས་ལྡན་པ། སློབ་ཁྲིད་དོ་དམ་ལ་ཕན་འབྲས་ཐོན་པ། ས་གནས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་ཡོད་པའི་ཁམས་ཀྱི་ས་གཞི་ཆེན་མོར་འཚར་ལོངས་བྱུང་བའི་འབྲིང་རིམ་ལས་རིགས་སློབ་གྲྭ་ཞིག་རེད། དུས་རབས་གསར་པའི་སློབ་གསོས་འགན་འཁྲི་གསར་པ་འཁུར་ཡོད་པས། སློབ་གྲྭས་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་པ་དང་། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་བསྣན་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བྱེད་ཅིང་། ཏང་གི་ཆེད་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བཟུང་ནས། ཀུན་སྤྱོད་དང་ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་རྒྱུ་གཙོ་ཕྱོགས་སུ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོའི་སློབ་གསོར་ཤུགས་བསྣན་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚང་མར་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་རྒྱུན་མི་ཆད་པར་བསྐྲུན་དགོས། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་བར་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། དཀར་མཛེས་ཁུལ་གྱི་གསར་བརྗེའི་རིག་གནས་དང་མི་རིགས་རིག་གནས་སྔོག་འདོན་དང་བརྒྱུད་འཛིན་ཡག་པོ་བྱས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། དགེ་རྒན་དཔུང་ཁག་གསོ་སྐྱོང་ཡག་པོ་བྱེད་པ་དང་། མཚན་ལྡན་དགེ་རྒན་གྱི་ནུས་པ་འདོན་སྤེལ་བྱེད་ཅིང་། རིག་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏང་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་སློབ་གྲྭའི་བཟའ་བཅའ་དང་། སྨན་རྫས། མེ་ཟོན། སྤྱི་ཚོགས་བདེ་འཇགས་བཅས་ལ་དམ་འཛིན་ནན་པོ་བྱས་ནས་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་འབྱུང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། སློབ་མའི་སློབ་རིམ་འཕར་ཚད་དང་ལས་ཞུགས་ཐུབ་ཚད་མཐོ་རུ་གཏང་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་ཐོན་སློབ་མ་སོ་སོར་རང་ཉིད་འཕེལ་རྒྱས་དང་འཚམ་པའི་ལས་སྟེགས་དང་ལས་གནས་འཚོལ་ཐུབ་པ་བྱ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་སློབ་གསོ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་མཉམ་དུ་བྱས་རྗེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བརྟག་ཞིབ་གནང་།
སྔོན་ཐོན་དགེ་རྒན་དང་ཕུལ་བྱུང་སློབ་མའི་འཐུས་མིར་འཚམས་འདྲི་གནང་བཞིན་པ།

     སྔོན་ཐོན་དགེ་རྒན་དང་ཕུལ་བྱུང་སློབ་མའི་འཐུས་མིར་འཚམས་འདྲི་གནང་སྐབས་ཧྲེན་དབྱང་གིས་རྒྱ་ཆེ་བའི་དགེ་རྒན་ཚོས་མུ་མཐུད་དེ་འབད་བརྩོན་གནང་ནས། མིག་དཔེ་ཡག་པོ་སྟོན་པ་དང་། ལས་གཅེས་ལས་བརྩོན། གཞན་ལ་མཐུན་རྐྱེན་བསྐྲུན་པ། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་འབྲེལ་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་བློ་རིག་དང་སྟོབས་ཤུགས་དེ་བས་མང་བ་འབུལ་རྒྱུའི་ཐུགས་རེ་གནང་བ་དང་། གཞོན་ནུ་སློབ་མར་ཕུགས་བསམ་ཆེན་པོ་བཅང་བ་དང་། སློབ་སྦྱོང་ལ་འབད་ཅིང་ཡིད་རྟོན་རང་བརྩོན་བྱེད་པ། རྒྱལ་ཁབ་ལ་བྱས་རྗེས་འབུལ་བ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་སྤོབས་སེམས་བཅང་དགོས་པའི་སྐུལ་མ་གནང་བ་རེད།

     ཁུལ་གྱི་མགོ་ཁྲིད་ཀྲང་ཐུང་རུང་དང་། ཡོན་མིང་ཀོང་། ཧོ་ཞའོ་ཕིང་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཡུལ་ཤོག་ལྟེ་བའི་སློབ་གྲྭར་རོགས་སྐྱོར་ཐོབ།
  • ལེ་ཚན་རྗེས་མ།:འདབ་པའི་ཉི་སྟེན། མི་ཡུལ་གྱི་དག་ཞིང་།
  • དོ་སྣང་ཆེ་བའི་རྩོམ།