དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།

བློ་བཟང་དོན་འགྲུབ་ཀྱིས་བྲིས།        2023-06-20

    དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།

   ཉེ་ཆར། དཀར་མཛེས་རྫོང་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་ཁྲིམས་འཛིན་དང་། རང་བྱུང་ཐོན་ཁུངས་ཅུས། ནགས་རྩྭ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཅས་སྒྲིག་འཛུགས་བྱས་ཏེ་རྫོང་ནོར་བུ་གླིང་ཐང་ཆེན་དུ་མི་ཚང་མས་ཉེན་མེད་བཤད་པ་དང་མི་ཚང་མས་རང་སྐྱོབ་ཤེས་པ་ཞེས་པའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།   

དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།

     དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ། LEDཡི་བརྙན་ཤེལ་ཆེན་པོ་ལས《ཚེ་སྲོག་དཔྱད་གཞི》ཞེས་པའི་ཉེན་མེད་སློབ་གསོའི་སྐོར་བཏང་བ་དང་། དུས་ཐོག་ཏུ་འདྲི་གཞིར་ལན་འདེབས་པ། ཉེན་མེད་ཐོན་སྐྱེད་སྐོར་དང་འཚུབ་བསྟུན་ཉེན་ཟོན་ཤེས་བྱ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཉེན་མེད་ཤེས་བྱ་བསྒྲགས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཉེན་མེད་འདུ་ཤེས་སྔར་བས་བརྟན་དུ་བཏང་བ་དང་ཆབས་ཅིག་སྤྱི་བདེ་མི་དམངས་ཉེན་རྟོག་པས་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་གཙོས་པའི་འགྲིམ་འགྲུལ་ཉེན་མེད་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་རང་སྲུང་འདུ་ཤེས་དང་ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། རླངས་འཁོར་ལ་བསྡད་དེ་ཉེན་ཟོན་ཐག་པ་མི་སྡོམ་པ་དང་། འཕྲུལ་རྟ་དང་གློག་སྒུལ་འཁོར་རིགས་གཏོང་ཚེ་ཉེན་མེད་ཞྭ་མོ་མི་གྱོན་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྣང་ཆེན་བྱ་དགོས་པའི་སློབ་གསོ་ཡང་ཡང་བྱས་པ་རེད།

དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།

     ཉེན་མེད་འདུ་ཤེས་ཀུན་ལས་ཆེ།།  ཉེན་ཁ་སྔོན་འགོག་རང་ནས་བྱེད།། ཅེས་པ་ལྟར་ད་རེས་ཀྱི་བྱེད་སྒོའི་གཙོ་གཉེར་ཕྱོགས་ཀྱི་འགན་འཁུར་བས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་ཏེ་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་མང་ཚོགས་ཀྱི་ཉེན་མེད་འདུ་ཤེས་དང་། ཤེས་དཔལ་འདུ་ཤེས། དེ་བཞིན་ཁྲིམས་སྐྱོང་འདུ་ཤེས་བཅས་སྔར་བས་དྲག་ཏུ་བཏང་ནས་དྲིལ་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་ཡུན་རིང་རྒྱུན་སྲིང་ཐུབ་པ་བྱས་ཡོད་ཅེས་བཤད་པ་རེད། 

དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་སྐོར་གྱི་བྱེད་སྒོ་སྤེལ།

   ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་བྱེད་སྒོ་སྤེལ་ཡུལ་དུ་རིགས་ཁག་གི་ཉེན་མེད་ཐོན་སྐྱེད་ཀྱི་ཤེས་བྱ་དང་ཁྲིམས་སྐྱོང་སློབ་གསོའི་དྲིལ་བསྒྲགས་ལག་དེབ7000ལྷག་སྤྲད་པ་དང་རིགས་ཁག་གི་བྱེད་སྒོའི་ལག་རྟགས1000ལྷག་སྤྲད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:འདབ་པའི་ཉི་སྟེན། མི་ཡུལ་གྱི་དག་ཞིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།