ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས་མཁན་སྐུ་མགྲོན་འཐུས་མིར་མཇལ་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-06-28

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས་མཁན་སྐུ་མགྲོན་འཐུས་མིར་མཇལ་འཕྲད་གནང་།

སྤྱི་ཟླ6པའི་ཚེས26ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་རྟའུ་རྫོང་དུ་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་ལ་ཞུགས་པར་གདན་ཞུ་དང་ལེན་ཞུས་པའི་འཇར་མན་རྒྱལ་ཁབ་ལས་གྲྭ་ཁང་གི་ཡོན་རམས་པ་དང་ཐེན་ཧྥུ་ཡུང་ཞིང་ཚོད་ལྟ་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་ལེ་ཞན་ཀྲང་དང་། ཀྲུང་གོ་ལས་གྲྭ་ཁང་གི་ཡོན་རམས་པ་བོད་རང་སྐྱོང་ལྗོངས་ས་གཤིས་གཏེར་ཁ་རྩད་ཞིབ་གསར་སྤེལ་ཅུས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་རྡོ་རྗེ། ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གཞོན་པ་ཀྲང་ཐའོ་དང་། ཀྲུང་གོ་ཧྭ་ནེང་གློག་འཕྲིན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གཞོན་པ་ཝུའུ་ཅིང་ཁའེ། རྒྱལ་ཁབ་ནུས་རྒྱུའི་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གྱི་ལས་རོགས་ལུའོ་མེན་ཅན་དང་། རྒྱལ་ཁབ་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་རྩིས་པ་ལི་རུའུ་ཀའེ། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གཞོན་པ་ལི་དབྱི་ལུན་སོགས་སྐུ་མགྲོན་འཐུས་མིར་མཇལ་འཕྲད་གནང་བ་རེད།

དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་སོགས་མཇལ་འཕྲད་ནང་ཞུགས་པ་རེད།

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་སྐུ་མགྲོན་རྣམ་པ་ཕེབས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཧྲེན་དབྱང་གིས་ཟླ་དྲུག་པའི་དྭངས་གཙང་ལྷད་མེད་ཀྱི་དཀར་མཛེས་ཁུལ་དུ་སྐལ་བཟང་མེ་ཏོག་བཞད་ཅིང་།མཛེས་སྡུག་ལྡན་པའི་ཁམས་ཀྱི་ས་གཞི་ཆེན་མོར་སྐུ་མགྲོན་མང་པོ་འཛོམས་ཡོད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚུགས་གནས་ལ་གཞི་ཚུགས་པ་དང་།འཐབ་ཇུས་ཀྱི་ཚུགས་ཤུགས་རྒྱུན་འཁྱོངས། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་སྐྱེ་ཁམས་སྔོན་དུ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་བླང་བྱ་གསར་པ་བཏོན་ཡོད་པས། ནུས་ཁུངས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་དང་འབྱུང་འཕྲོད་ཐཱན་ཉུང་གི་རིགས་བསྒྱུར་ལ་སྐུལ་འདེད་གཏོང་བར་གོ་སྐབས་གསར་པ་འདོན་སྤྲོད་བྱས་ཡོད། ང་ཚོས་རྒྱ་ཆེ་བའི་ནུས་རྒྱུའི་ཁེ་ལས་ཁུལ་ནང་དུ་ཡོང་ནས་རྟོག་ཞིབ་གཏིང་ཟབ་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལེགས་ཆ་གསབ་རེས་ལ་ཤུགས་རྒྱག་པ། གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ། རྒྱལ་ཁབ་ནུས་རྒྱུའི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་བོད་འབྲེལ་ས་ཁུལ་འཕེལ་རྒྱས་དང་བརྟན་བརླིང་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚོགས་ཞུགས་སྐུ་མགྲོན་གྱི་འཐུས་མིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཡང་ཡང་བྱས་པ་དང་དཀར་མཛེས་ཁུལ་གྱིས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཚོགས་ཆེན་འཚོག་པར་རྟེན་འབྲེལ་ཞུས་པ་རེད། ཚང་མས་དཀར་མཛེས་ཁུལ་ལ་རི་བོ་གཅིག་ལས་གཅིག་སྦྲེལ་ཞིང་གཙང་པོ་ཆུ་བོ་གང་སར་ཁྱབ་པ། ཉི་འོད་རབ་ཏུ་དྲོ་བ་བཅས་ཡིན་པས།“ཆུ་དང་ཡུལ་ལྗོངས་དྲོ་གསོག”གཞི་གཅིག་ཅན་གྱི་ནུས་མང་གསབ་རེས་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་རྨང་གཞི་བཟང་བ་དང་། ཆ་རྐྱེན་ལེགས་པ། མདུན་ལམ་བཟང་བ་བཅས་ཡོད་པས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ས་ཁུལ་དང་ཁེ་ལས་བར་གྱི་དངོས་སྒྲུབ་མཉམ་ལ་འཚོལ་ཞིབ་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་དང་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུའི་ཉེན་མེད་འགན་ལེན་དང་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད་ཅེས་བཤད་པ་རེད།

ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་ཚའོ་ཞ། ཁྲེན་པོ་ཐའོ་བཅས་དང་ནུས་རྒྱུའི་ཁེ་ལས་དང་ལས་རིགས་རྒྱབ་སྐྱོར་ཚན་པའི་འཐུས་མི་ཁག་གཅིག་མཇལ་འཕྲད་ནང་ཞུགས་པ་རེད།།



  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་ཡུལ་སྡེའི་ཁྱད་ཆོས་གནས་ཚང་ལས་རིགས་གཉེར་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་བསླངས།
  • ལེ་ཚན་རྗེས་མ།:སུང་ཚའོ་ཧྭ་ཡིས་ཚོ་ཆུང་ཁྲིད་དེ་རང་ཁུལ་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།