དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།

མཁས་གྲུབ་ཀྱིས་བྲིས།        2023-07-04

    དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།

    སྤྱི་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་སྐྱོད་པ་དང་། ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་སླེབས་སྐབས། དར་མདོ་གྲོང་ཁྱེར་གྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་དང་གཉིས་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་གཟབ་རྒྱས་སྤེལ་བ་རེད།

དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།

      ཐེངས་འདིའི་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་སྲིད་ཁྲིམས་ཨུ་ལྷན། རྩ་འཛུགས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དང་དར་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་།  དར་མདོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་། དར་མདོ་གྲོང་ཁྱེར་ཁྲིམས་འཛིན་ཁང་། གུང་གཞོན་ཚོགས་པ་དར་མདོ་གྲོང་ཨུ།  དར་མདོ་གྲོང་ཁྱེར་ལས་ཁུངས་ལས་དོན་ཞབས་ཕྱི་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད། བྱེད་སྒོ་རུ་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་སོ་སོའི་མགོ་ཁྲིད་རྣམས་ཞུགས་ཡོད་པ་རེད།

དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།
དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།
དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།
 

       བྱེད་སྒོ་རུ་ད་དུང་གྲོང་ཁྱེར་འཛུགས་སྐྱོང་གི་ལས་རིགས་ཁག་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། བྱས་རྗེས་བཞག་མཁན་ཏེ2022ལོའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་རྣམས་ལ་གཟེངས་བསྟོད་གནང་བ་རེད།

 དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།
དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།

      འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་དང་གཉིས་འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་དོན་བཞི་འཁོར་བ་ཡིན། མེས་རྒྱལ་གྱི་གསོ་སྐྱོང་དང་ཏང་གི་འོད་སྟོང་འཕྲོ་བའི་སྲིད་ཇུས་བཟང་པོའི་འོག་མི་རིགས་ཁག་གི་མི་དམངས་རྣམས་ས་གཞི་ཆེན་པོ་འདི་ནས་ལག་གདང་མཉམ་དུ་སྦྲེལ་ཏེ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད། མི་རིགས་ལྔ་བཅུ་ང་དྲུག་ཨ་མ་གཅིག་གི་བུ་རྒྱུད་ཅེས་པའི་གཞས་དབྱངས་ཀྱི་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ་ལོ་བརྒྱ་དང་གཉིས་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་འགོ་བརྩམས་སོ།།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་ནས་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་བསྐུལ་དགོས།
  • ལེ་ཚན་རྗེས་མ།:ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10