ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼ ༡ ༽

སྐལ་ཐུབ་ཀྱིས་བསྒྱུར།        2023-07-04

      ལོ་རྒྱུས་ཀྱི་འགོ་ཚུགས་གཞི་གསར་པར་རིག་གནས་དར་རྒྱས་ཡོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་དེ་བསྐུལ་དགོས་ན། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རང་ཉིད་ཀྱི་ལམ་དུ་སྐྱོད་པ་རྒྱུན་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལག་ལེན་དང་དེང་རབས་ཀྱི་ལག་ལེན་རླབས་ཆེན་ལ་གཞི་ཚུགས་ཤིང་། ཀྲུང་གོའི་གནས་ལུགས་ཀྱིས་ཀྲུང་གོའི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་བྱེད་ཅིང་ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་རིགས་པའི་གཞུང་ལུགས་སུ་སྤར་ནས་བསམ་པའི་ཐད་ལ་རང་ཚུགས་རང་བདག་ཡོང་བ་བྱ་དགོས། སྒོ་འབྱེད་ཁོང་ཡངས་བྱ་རྒྱུ་སྲུང་འཛིན་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་རྒྱུན་འཁྱོངས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བ། ཕྱི་ནས་ཡོང་བའི་རིག་གནས་རང་ས་ཅན་དུ་བསྐུལ་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་གསར་གཏོད་བྱ་དགོས། གཞུང་བསྲངས་གསར་གཏོད་ཀྱི་སྲོལ་བཟང་དང་ངར་ཤུགས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རིག་རྒྱུན་བསྐྱངས་ཏེ་དེང་རབས་ཀྱི་ལེའུ་གསར་པ་བརྩམ་དགོས། 


   ཞི་ཅིན་ཕིང་གི2023ལོའི་ཟླ་བ6ཚེས2ཉིན་ལ་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་གསུང་བཤད། 


  • ལེ་ཚན་སྔོན་མ།:ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༽
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10