མཐར་ཕྱིན་སློབ་མའི་ཡིག་ཚགས་དང་འབྲེལ་བའི་བརྡ་ཐོ།

    མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།    2023-06-25

       ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ་ཡིས«མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཡིག་ཚགས་བརྒྱུད་སྤྲོད་དང་བསྡུ་ལེན་བྱ་བ་བརྟན་པོའི་ངང་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ»པར་འགྲེམས་བྱས།
       «བརྡ་ཐོའི»ནང་ཡིག་ཚགས་བརྒྱུད་སྤྲོད་བསྡུ་ལེན་བྱ་རྒྱུ་ནི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཡིག་ཚགས་བརྒྱུད་སྤྲོད་བསྡུ་ལེན་བྱ་བར་ཤུགས་སྣོན་པ་དང་ཡིག་ཚགས་བྱ་བའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་ཡིག་ཚགས་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་བསྟན།
དང་པོ། ལས་ཞུགས་ཐོ་འགོད་མི་དགོས་པའི་སྲིད་ཇུས་ཀྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས།
       2023ལོ་ནས་བཟུང་ལས་ཞུགས་ཐོ་འགོད་ལག་ཁྱེར་བསྐྱར་སྒྲུབ་དང་ལས་ཀ་བསྐྱར་མངག་གི་འགྲོ་ལུགས་མེད་པར་བཟོས་ནས། ལས་ཞུགས་ཐོ་འགོད་ལག་ཁྱེར་དེ་བྱེས་འགྲོའི་མི་དོན་ཡིག་ཚགས་ཀྱི་དགོས་ངེས་དཔྱད་གཞིའི་ཡིག་རིགས་ལ་བརྩི་རྒྱུ་མིན་པ།
གཉིས་པ། ཡིག་ཚགས་གནས་གཞན་དུ་སྤར་བའི་འགྲོ་ལུགས་ཚད་ལྡན་དུ་གཏང་དགོས།
       མཐོ་རིམ་སློབ་གྲྭས་མཐར་ཕྱིན་སློབ་མའི་འགྲོ་ས་བསྡད་ས་ཐོ་འགོད་ལམ་ལུགས་ལག་བསྟར་ལ་མཛུབ་ཁྲིད་དང་། མཐར་ཕྱིན་སློབ་མས་ཆ་འཕྲིན་རེའུ་མིག་བསྐང་བ་བརྒྱུད་ཆ་འཕྲིན་སྤེལ་བ་སྒྲིག་འཛུགས་བྱས་ཐོག གཏན་འབེབས་ལྟར་དཔྱད་ཡིག་བསྡུ་རུབ་བྱས་ནས་ཡིག་ཚགས་ཉར་འཇུག་དང་། བརྒྱུད་སྤྲོད་ཀྱི་རྩིས་ཐོ་བྲིས་རྗེས་བརྒྱུད་སྤྲོད་ཀྱི་ཡིག་ཚགས་ཚད་ལྡན་དུ་གཏོང་དགོས།
གསུམ་པ། ཡིག་ཚགས་བསྡུ་ལེན་ཡག་པོ་བྱེད་དགོས།
       ཡིག་ཚགས་དོ་དམ་ཞབས་ཞུའི་སྒྲིག་གཞིས་མཐར་ཕྱིན་སློབ་མའི་ཡིག་ཚགས་བསྡུ་ལེན་བྱ་བར་ཤུགས་སྣོན་རྒྱུར་མཛུབ་ཁྲིད་བྱས་ནས་ཡིག་ཚགས་དབྱེ་འབྱེད་ལེགས་སྒྲིག་དང་མཛོད་ཉར་དོ་དམ། རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་སོགས་ཀྱི་བྱ་བར་ཡག་པོ་བསྒྲུབ་དགོས། ཡིག་ཚགས་བསྡུ་ལེན་གསལ་བཤད་ཁས་ལེན་ལམ་ལུགས་ལག་བསྟར་བྱ་དགོས། ཐུན་མོང་དུ་ཁྱིམ་དུད་འཛུགས་པའི་སྡེ་ཚན་དུ་ལས་ཞུགས་བྱེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཡིག་ཚགས་དུས་ཐོག་ཏུ་ཡིག་ཚགས་ནང་བཅུག་ནས་དོ་དམ་དང་ཞབས་ཞུའི་ལས་ཕྱོད་ཇེ་ཆེར་གཏོང་དགོས།
བཞི་པ། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏང་དགོས།
       ཡིག་ཚགས་སྲིད་ཇུས་གསལ་འགྲེལ་བྱེད་ཤུགས་ཇེ་ཆེར་བཏང་ནས་ཡིག་ཚགས་ཀྱི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་དགོས། གཙོ་གནད་ཚོགས་སྤྱིར་དམིགས་ནས་ལས་སྒོའི་གསོ་སྦྱོང་བྱས་ཏེ་གཉེར་སྒྲུབ་བྱེད་ནུས་ཇེ་ཆེར་གཏོང་དགོས།
ལྔ་པ། སྤྱི་པའི་ཞབས་ཞུ་གསར་གཏོད་བྱེད་དགོས།
       མཐར་ཕྱིན་སློབ་མའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭ་ནས་མཐར་ཕྱིན་ཡང་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་དང་། བྱེས་འགྲོའི་ཏང་ཡོན་གྱི་སློབ་གསོ་དོ་དམ་ཞབས་ཞུ་དང་ཡིག་ཚགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་གསར་གཏོད་བྱེད་དགོས།
       «བརྡ་ཐོའི»ནང་ས་གནས་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་སློབ་གསོ་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཡིག་ཚགས་བརྒྱུད་སྤྲོད་དང་བསྡུ་ལེན་ཞབས་ཞུའི་ཆེད་དོན་བྱ་འགུལ་སྤེལ་ནས། བརྒྱུད་སྤྲོད་དང་བསྡུ་ལེན་བྱ་བ་ཧུར་ཐག་སྒོས་བསྒྲུབ་སྟེ་མཐར་ཕྱིན་སློབ་མ་བདེ་བླག་ངང་སློབ་གྲྭ་ནས་མཐར་ཕྱིན་ནས་ལས་ཞུགས་ཐུབ་པར་ཞབས་ཞུ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

  • ལེ་ཚན་སྔོན་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།