ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག

ཨོ་རྒྱན་གྱིས་བསྒྱུར།        2023-07-04

   སྤྱི་ཟླ7པའི་ཚེས1ཉིན་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་ཉིན་གསུམ་པར་དཀར་མཛེས་འགྲེམས་ཁང་སྔར་བཞིན་འཁྲུག་ཆ་དོད་ཅིང་། ཁུལ་ཡོངས་ཀྱི་འགྲེམས་ཞུགས་ཁེ་ལས157ཡིས་དཀར་མཛེས་ཀྱི་ངོ་མཚར་ལྡན་པའི“འབྱུང་འཕྲོད”དང“ལྷད་མེད”ཀྱི་ཁྱད་ལྡན་ཐོན་རྫས་ཐེངས་འདིའི་སྟོན་ཚོགས་སུ་དབོར་ཡོད་པ་རེད།

ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག


“དཀར་མཛེས་འགྲེམས་ཁང་འཁྲུག་ཆ་དོད་ལ་ཐོན་རྫས་མང་པོ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས” “དཀར་མཛེས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་དག་ཧ་ཅང་ཡག་པོ་འདུག། བྲོ་བ་ཡག་པོ་ཡོད་པར་མ་ཟད། ད་དུང་ལྷད་མེད་འབྱུང་འཕྲོད་ཡིན་པ་རེད།” འགྲེམས་སྟོན་ལ་ལྟ་མཁན་རྣམས་ལ་ཚོར་སྣང་ཟབ་མོ་སྐྱེས་ཤིང་། “ལྷད་མེད”དང“འབྱུང་འཕྲོད”བཅས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་རྣམ་པ་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག་གི་ཡོད་པར་མ་ཟད། འགྲེམས་སྟོན་ལ་ལྟ་མཁན་མང་པོའི་མིག་དབང་འཕྲོག་པས། རང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དང་ཞིམ་ཟས་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག

     ནོར་གནག་གི་ཤ་སྐམ་དང་། སྡེ་རོང་ཉི་མའི་ལུང་གི་རྒུན་ཆང་། གསར་དུ་བཏོད་པའི་བོད་ལུགས་ནས་ཀྱི་སྤྲི་གོར་དང་ཞོའི་སྐོར་གྱི་ཐོན་རྫས་སོགས་དང་། རང་ཁུལ་གྱི་རྫོང(གྲོང་ཁྱེར)18ཀྱི་འགྲེམས་ཞུགས་ཚོང་པས་བདམས་པའི“སྤུས་ལེགས”ཐོན་རྫས་འགྲེམས་ཁུལ་ཁག་ཏུ་འགྲེམས་སྟོན་བྱེད་བཞིན་ཡོད། “བར་ཚོང་བས”འགྲེམས་སྟོན་ལ་ལྟ་མཁན་ཚོར་བྲོ་བ་མྱོང་དུ་བཅུག་པ་དང་སོ་སོའི“འབྱུང་འཕྲོད”དང“ལྷད་མེད”ཀྱི་དཀར་མཛེས་ཀྱི་ཁྱད་ལྡན་ཞིམ་ཟས་ངོ་སྤྲོད་ཀྱང་བྱས་པ་རེད།

ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག

     གསར་འགོད་པས་ཡུལ་དངོས་ནས་དོ་སྣང་བྱུང་བར། བརྒྱད་ཟིལ་རྫོང་འགྲེམས་ཁུལ་གྱི་མདུན་དུ་ཚོང་ཟོག་ཙག་ཙིག་མང་པོ་བཤམས་ཡོད་ལ་དེའི་ཁྲོད་མཚོ་འཕགས་སྨི2808ཟིན་པའི་གངས་ལྗོངས་ཀྱི་ཇ་དམར་བཤམས་ཡོད་ཅིང་། ཡུལ་དངོས་ནས་བྲོ་བ་མྱོང་ཆོག། “ཇ་འདི་དངོས་གནས་ཞིམ་པོ་འདུག། རྗེས་སོར་ང་ཚོས་ཉོ་དགོས་ན་གློག་ཚོང་འཕྲིན་སྟེགས་ནས་ཉོ་ཆོག།”བརྒྱད་ཟིལ་དྲྭ་ཐོག་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་འགྲེམས་གནས་མདུན་དུ་ཁྲེང་ཏུའུ་གྲོང་མི་མཁྱེན་ལྡན་མ་ཁྲེན་ལགས་ཀྱིས་བརྒྱད་ཟིལ་རྫོང་གི་ཇ་དམར་ལ་བསྔགས་བརྗོད་ཡང་ཡང་བྱས། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བརྒྱད་ཟིལ་རྫོང་ནི་ས་བབ་ཅུང་མཐོ་བ་དང་། དྲོད་ཚད་རྒྱུན་གཏན་ལས་ཅུང་དམའ། ཉི་འོད་ཕོག་པའི་དུས་ཡུན་རིང་བ་བཅས་ཀྱི་དབང་གིས་ཇ་སྡོང་སྐྱེ་འཚར་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་བཏོད་ཡོད་པ་རེད། ད་ཆ་རྫོང་ཁོངས་སུ་ལོ100ནས700བར་གྱི་གནའ་བོའི་ཇ་སྡོང་ཁྲི14.7འཕྲེད་རྒྱུག་རི་རྒྱུད་ཀྱི་ས་ཁོངས་ཁོ་ནར་སྐྱེས་ཡོད་པར་མ་ཟད། འདི་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་གནའ་བོའི་ཇ་སྡོང་ཐོན་ཁུལ་ཞིག་ཀྱང་རེད།

     “ཐོན་རྫས་འདི་ཧ་ཅང་ཡག་པོ་འདུག། ང་ཚོ་ཕན་ཚུན་དབར་འབྲེལ་བ་ཐབས་ཀྱི་ཁ་པར་ཨང་གྲངས་སོགས་ཀྱང་བཞག་ཡོད། ཐོན་རྫས་འདི་ཚོ་ང་ལ་མཁོ་དུས་ངས་འབྲེལ་བ་བྱེད་ཡོང”། རྟའུ་འགྲེམས་ཁུལ་དུ་པེ་ཅིང་གི་ལྟ་སྐོར་བ་ཀྲོང་ཝུའེ་ཐད་ཀར་འགྲེམས་ཁུལ་དེའི་མདུན་དུ་སླེབས། ཁོས་གསར་འགོད་པར་ཁ་སང་ཉོས་པའི་ཞོག་ཁོག་སྨུག་པོའི་བྲོ་བ་དེ་དེ་སྔའི་ཉོས་པའི་བྲོ་བ་ལས་ཞིམ་པའི་ཚོར་སྣང་ཞིག་འདུག། དེར་བརྟེན་དེ་རིང་ཆེད་མངགས་འགྲེམས་སྟོན་ཚོང་པའི་འཕྲིན་ཕྲན་འབྲེལ་དུ་ཡོང་བ་ཡིན། ཕྱིར་ཕ་ཡུལ་དུ་ལོག་དུས་གཉེན་ཉེ་དང་གྲོགས་པོར་ངོ་སྤྲོད་བྱས་ནས་ཉོ་རུ་འཇུག་རྩིས་ཡོད་ཅེས་བཤད་བྱུང་།

   ཉིན་དེར། དཀར་མཛེས་འགྲེམས་ཁང་གི་རྫོང(ཆུས)ཁག་གི་འགྲེམས་ཁུལ་དུ་རྣམ་པ་དེ་ལྟ་བུ་མང་པོ་མཐོང་རྒྱུ་ཡོད།

ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས19པའི་ཉིན3པར་ལྟད་མོ་འདི་འདྲ་འདུག


    ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ནུབ་རྒྱུད་སྟོན་ཚོགས་ཐོག་དཀར་མཛེས་འགྲེམས་ཁང་གིས་ཁུལ་ནང་ཁུལ་གྱི་ཁེ་ལས157སྒྲིག་འཛུགས་བྱས་ནས་སྟོན་ཚོགས་ནང་ཞུགས་ཡོད་ལ། དེའི་ནང་ལྷད་མེད་ཀྱི་བདེན་དཔང་ར་སྤྲོད་ཐོན་རྫས72ཡོད་པ་དང་འགྲེམས་རྫས་ནི“ཆང་དང་ཤ། སྔོ་ཚལ། ཆུ་སྨན། འབྲུ་སྣུམ་སོགས་རིགས་ཆེ་གྲས་བཅུའི”ཐོན་རྫས་རིགས300ལྷག་ཙམ་ཚུད་ཡོད་པ་རེད། སྤྱི་ཟླ6པའི་ཚེས29ཉིན་ནས་སྤྱི་ཟླ7པའི་ཚེས1ཉིན་བར་རིམ་རྩིས་བྱས་ན་ཡུལ་དངོས་ནས་བྲིན་ཚོང་བྱེད་ཚད་སྒོར་ཁྲི54.3ཟིན་ཡོད་པ་རེད། དྲྭ་གྲགས23གྱིས“དཀར་མཛེས་ཀྱི་ལེགས་སྐྱེས་ཡག་པོ་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཡོད”ཅེས་པའི་དྲྭ་ཐོག་ནས་ཐད་གཏོང་ཐེངས25བྱས་པས་དྲྭ་ཐོག་ནས་བྲིན་ཚོང་བྱེད་ཚད་སྒོར་ཁྲི267ཟིན་ཡོད་པ་རེད། ཀྲེ་ཅང་དང་དཀར་མཛེས། ཁྲེང་ཏུའུ་དང་དཀར་མཛེས་ཀྱི་ཞིང་ཚོང་ཁ་གཏད་བྱེད་སྒོ་སྤེལ་བར། ཁུལ་ནང་གི་ཁེ་ལས་གསུམ་དང་ཀྲེ་ཅང་། ཁྲེང་ཏུའུ་སོགས་ས་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲྭ་ཐོག་ཉོ་སྒྲུབ་མངགས་ཐོ་སྒོར་ཁྲི1250བཞག་ཡོད་པ་དང་། དྲྭ་ཕྱིའི་བྲིན་ཚོང་མངགས་ཐོ་སྒོར་ཁྲི850ལྷག་ཙམ་ཟིན་ཡོད་པ་རེད། སྔོན་དཔག་བྱས་ན་ལྷད་མེད་ཞིང་ལས་ཁྱད་ལྡན་ཐོན་རྫས་ཚང་མས་སྐབས་རིམ་བྱུང་གི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།

     འགྲེམས་ཚོགས་ནང་ཞུགས་པའི་ཁེ་ལས་ལ་ཐོབ་པའི་ཡོང་འབབ་སྐོར་གླེང་སྐབས། ནུབ་རྒྱུད་དངོས་མང་སྟོན་ཚོགས་ནང་ཞུགས་མཁན་ལི་ཐང་ས་མཐོའི་གློག་རྡུལ་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་ཀྲང་ཧྲུའུ་ཤིས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་ལ། ཁོས“ནུབ་རྒྱུད་དངོས་མང་སྟོན་ཚོགས་ནང་ཞུགས་སྐབས་ཕྱོགས་གཅིག་ནས་སྐབས་རེའི་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་སྒྲིག་འཛུགས་བྱེད་ཀྱི་ཡོད་ལ་བཀྲག་མདངས་འཚེར་ས་གསར་པ་ཡང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་འགྲེམས་ཞུགས་ཚོང་པ་ཞིག་ཡིན་པའི་ངོས་ནས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ལ་ཚོགས་རར་མངགས་ཐོ་ཡང་ཐོབ་ནས་ལོ་ལྟར་མངགས་ཐོ30%ནས40%བར་མང་དུ་ཕྱིན་ནས་ན་ནིང་བྲིན་ཚོང་བྱེད་ཚད་ཁྲི400ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད་པ་རེད།

     ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་འབྱུང་འཕྲོད་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་འབྲི་གཡག་དང་། བོད་ཕག། ནས། ཤིང་འབྲས་དང་སྔོ་ཚལ་སོགས་ལྷད་མེད་ཐོན་ལས་གཅིག་སྡུད་བསྐྲུན་ནས་དེང་རབས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྟེན་གཞི་བཏོད་དེས་གཤིན་ཐོན་ལེགས་ཀྱི་འབྲུ་མཛོདདཀར་མཛེས་ཀྱི་ལས་དོན་ཏན་ཏིག་སྤེལ་ཡོད། མིག་སྔར་ཁུལ་ཡོངས་སུ་གོ་ཆོད་དུས་ཡུན་ནང་གི་ལྷད་མེད་ཐོན་རྫས114ཟིན་པ་དང་། གོ་ཆོད་དུས་ཡུན་ནང་གི་འབྱུང་འཕྲོད་བཟའ་བཅའ61དང་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས14ཟིན་པ། ས་ཁོངས་ཀྱི་སྤྱི་པའི་ཐོན་རྫསགནས་མཆོག་དཀར་མཛེསདངཡ་ཁེའི་དཀར་མཛེསཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིནཔ། དཀར་མཛེས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་རང་མོས་རང་བཞིན་དང་ཕྱི་ཕྱོགས་ཅན་གྱི་ཚད་གཞི་རིམ་བཞིན་མཐོ་རུ་ཕྱིན་པ། ལྷག་དོན་དུ་ནས་དང་། ཤ་སྐམ། རི་སྐྱེས་ཤ་མོ། ཤིང་འབྲས་དང་སྔོ་ཚལ་བཅས་ཀྱི་སྤུས་རྟགས་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ད་ལོའིགནས་མཆོག་དཀར་མཛེསས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་ཁམས་ཀྱི་ནོར་ནག་གི་ཤ་ཞིང་ཆེན་ཡོངས་ཀྱི་སྤུས་རྟགས་རྩེ་གྲ100ཡི་ནང་ཚུད་ཡོད་པ་རེད།

     མིག་སྔར་དཀར་མཛེས་ཁུལ་དུ་ད་ཆ་རྨོ་ཞིང་མུའུ་ཁྲི130.65ཡོད་པ་དང་། ཐོན་རྫས་གཙོ་བོ་ནས་དང་། ཞོག་ཁོག། གྲོ། མ་རྨོས་ལོ་ཏོག། སྲན་མ། པད་ཁ། སྔོ་ཚལ། ཆང་བསྙལ་རྒུན་འབྲུམ། ཀུ་ཤུ། སེའུ་སོགས་ཁྱད་ལྡན་སྔོ་ཚལ་དང་ཤིང་འབྲས་མུའུ་ཁྲི130ཡན་ཡོད་པ་རེད། རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར1.42ཡོད་པ་དང་། ཕྱུགས་རྒྱུད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཕྱུགས་རིགས་གཙོ་བོ་འབྲི་གཡག་ཡིན་པ། བོད་ཕག་དང་བོད་བྱ་སོགས་དམིགས་བསལ་སྒོ་ཕྱུགས་དང་ཁྱིམ་བྱ་ཁྱབ་རྒྱ་ཆེ་ཙམ་ཡོད་པས་ཞིང་ཆེན་ཡོངས་ཀྱི་རྩྭ་ཟན་ཕྱུགས་ཟོག་གི་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས༧•༡བསུས་པའི་རིག་རྩལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གློག་འདོན་ས་ཚིགས་ཆེན་པོ་ཞིག་བེད་སྤྱོད་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།