ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་འཚོག་རིང་ཚོང་པ་ཚོར་མཇལ་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-05

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥུ་ཀུའེ་ཡིས་ཁྲེང་ཏུའུ་རུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཞུགས་མཁན་དང་རང་ཁུལ་ལ་མ་འཇོག་བྱེད་འདོད་ཡོད་པའི་ཁེ་ལས་ཀྱི་འགན་འཁུར་བ་ལ་མཇལ་འཕྲད་གནང་བ་དང་འབྲེལ་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ནས་མཉམ་ལས་གཉིས་ཁེ་ཡོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།

ཧྥུང་ཧྥུ་ཀུའེ་ཡིས་རང་ཁུལ་དུ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་འདོད་ཡོད་པའི་ཚོང་པ་ཚོར་དགའ་བསུ་ཞུས་པར་མ་ཟད། རང་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ཀྱི་གོ་སྐབས། ཚོང་གཉེར་ཁོར་ཡུག་སོགས་ཀྱི་གནས་ཚུལ་དང་ལྷག་དོན་དུ་ནུས་རྒྱུ་གཙང་མའི་གསར་སྤེལ། ཁྱད་ཆོས་ཞིང་འབྲོག་ཐོན་ལས་ལེགས་ཆ་སོགས་ཀྱི་ཐད་ལ་ངོ་སྤྲོད་གནང་ཞིང་། ཁོང་གིས་དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལེགས་ཆ་དཔྱད་བསྡུར་བྱས་ནས་རིག་གནས་ཡུལ་སྐོར་དང་། ཁྱད་ཆོས་ཞིང་འབྲོག། ནུས་རྒྱུད་གཙང་མ་བཅས་ཀྱི་ལས་དོན་ཆེན་པོ་གསུམ་ལ་གཞི་ཚུགས་ཏེ་རང་ཁུལ་དུ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བའི་ཁེ་ལས་དང་ཁེ་ལས་མཁས་ཅན་གྱིས་མཉམ་ལས་གཉིས་ཕན་གྱི་དམིགས་ཡུལ་སྒྲུབ་པ་དང་། ཁྲོམ་ར་ཅན་གྱི་བྱ་ཐབས་བརྒྱུད་དེ་དངོས་སྒྲུབ་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོན་ཅིན་ནུས་རྒྱུའི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་གཅོད་པ་གཞོན་པ་ཀའོ་ཧྥུ་ཁྲུན་དང་ཉིང་ཞའི་ཞི་གོ་ཀོན་ལན་རྒུན་ཆང་ཐོན་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲང་ཡན་ཀྲི་སོགས་ཁེ་ལས་ཀྱི་འཐུས་མིས་སྤྱི་གཉེར་ཁང་གི་གནས་ཚུལ་དང་དེ་བཞིན་རང་ཁུལ་དུ་ཡོང་ནས་མ་འཇོག་ལས་གཏོད་བྱེད་འདོད་ཡོད་པའི་སྐོར་ངོ་སྤྲོད་བྱས་ཤིང་། རང་ཁུལ་དང་ལས་དོན་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་པ་དང་། གསར་གཏོད་མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཕྱོགས་གཉིས་པོར་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དར་མདོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་བར་མ་ཟད་ཏང་མི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁུལ་ཡོངས་ཀྱི་ཏང་མི་ལ་དུས་ཆེན་གྱི་འཚམས་འདྲི
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་འགྲེམས་ཁང་དུ་སྐོར་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10