ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་འགྲེམས་ཁང་དུ་སྐོར་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-05

སྤྱི་ཟླ6པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་ཕེབས་ནས་འགྲེམས་སྟོན་ནང་ཞུགས་པའི་གནས་ཚུལ་རྒྱུས་ལོན་དང་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་དང་ལས་དོན་མི་སྣར་འཚམས་འདྲི་གནང་། ཁོང་གིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་དཔལ་འབྱོར་ཚོང་དོན་འགྲེམས་སྟེགས་དང་། མཉམ་ལས་ཀྱི་གཞི་རྟེན། སྒོ་དབྱེའི་སྐོར་ཁུང་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དཀར་མཛེས་ཁུལ་འགྲེམས་སྟོན་དང་། དཀར་མཛེས་ཁུལ་འོས་སྦྱོར་བྱེད་ཅིང་། ལྗང་མདོག་མ་འཇོག་གི་རིན་ཐང་མཚོན་ཏེ། གནས་མཆོག་དཀར་མཛེས་ཁུལ་གྱི་ས་ཁོངས་སྤུས་རྟགས་གཏོད་པར་ཤུགས་བརྒྱག་དགོས་ཞེས་ནན་གསུང་གནང་བ་རེད།

ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་འགྲེམས་ཁང་གིས་གནས་མཆོག་དཀར་མཛེས་ཁུལ་ཏེ་ལྗང་མདོག་གི་ས་རྟགས་གསར་པ་ཞེས་པས་བརྗོད་དོན་གཙོ་བོ་བྱས་ནས་རིག་གནས་ཡུལ་སྐོར་དང་། ཁྱད་ཆོས་ཞིང་འབྲོག། ནུས་རྒྱུ་གཙང་མ་བཅས་གཙོས་པའི་ལེགས་ལྡན་ཐོན་ཁུངས་ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ། རང་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ། མ་འཇོག་གི་ལེགས་ཆ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་བརྟེན། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་པ་རེད།། 


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་འཚོག་རིང་ཚོང་པ་ཚོར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་སློབ་གྲྭར་སྤེལ་ནས་རིག་གནས་བརྒྱུད་འཛིན་གྱིས་བྱིས་བློ་བསྐྱེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10