ལྕགས་ཟམ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་སློབ་གྲྭར་སྤེལ་ནས་རིག་གནས་བརྒྱུད་འཛིན་གྱིས་བྱིས་བློ་བསྐྱེད།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-07-05

སྤྱི་ཟླ6པའི་ཚེས10ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཐེངས་བཅོ་བརྒྱད་པ་ཡིན་ཞིང་། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ལྕགས་ཟམ་རྫོང་གིས་སྣ་མང་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བྱེད་སྒོ་སློབ་གྲྭར་སྤེལ་ནས་རིག་གནས་བརྒྱུད་འཛིན་གྱིས་བྱིས་བློ་བསྐྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་ལྕགས་ཟམ་རྫོང་གི་སློབ་གྲྭ་ཆུང་འབྲིང་དུ་སྤེལ་ནས་དགེ་སློབ་ཚོར་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱས་པ་རེད།

ལྕགས་ཟམ་ཁ་སློབ་ཆུང་དང་ཁྲེང་ཝུའུ་སློབ་ཆུང་། ལྕགས་ཟམ་སློབ་འབྲིང་བཅས་སུ་སི་ཁྲོན་གདོང་འགྱུར་ཟློས་གར་དང་ཁ་ནས་མེ་གཏོང་བ། གློག་སྒྲོན་སྤོར་བ། མཚོ་གཉིས་ལ་གླུ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས། དགེ་སློབ་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལེ་ཚན་འཁྲབ་སྟོན་ལ་ལྟ་བ་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་ཉམས་ལེན། གཟུགས་མེད་རིག་གནས་ཤུལ་བཞག་གི་གཏམ་རྒྱུད་ཤེས་རྟོགས་བཅས་བྱས་པ་བརྒྱུད་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་པ་རེད།

ལྕགས་ཟམ་ཁ་སློབ་ཆུང་གི་སློབ་མ་དབྱང་ཧའོ་ཡུའེ་ཡིས་གཟུགས་མེད་རིག་གནས་ཤུལ་བཞག་གི་བྱེད་སྒོ་ང་ཚོའི་སློབ་གྲྭར་སྤེལ་བར་ཧ་ཅང་དགའ་པོ་བྱུང་། གདངས་དབྱངས་སྙན་པའི་མཚོ་གཉིས་ལ་གླུ་དང་ཡིད་དབང་འཕྲོག་པའི་སི་ཁྲོན་གདོང་འགྱུར་ཟློས་གར་སོགས་འཁྲབ་སྟོན་གྱིས་ང་ཚོར་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་དུ་བཅུག་པས་སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

ལྕགས་ཟམ་ཁ་སློབ་ཆུང་གི་སློབ་མ་བཀྲ་ཤིས་ཟླ་བ་ཡིས་རང་རྒྱལ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་འོད་སྟོང་འཕྲོ་བའི་རིག་གནས་ལྡན་པའི་གཅིག་གྱུར་ཡིན་ལ་མི་རིགས་མང་བའི་རྒྱལ་ཁབ་ཅིག་རེད། མི་རིགས་ཁག་སོ་སོའི་ཞབས་བྲོ་དང་གྱོན་ཆས་མི་འདྲ་བ་ནི་ཁོ་ཚོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མིང་བྱང་དང་མཆོག་ནོར་ཡིན་པས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་བཤད་པ་རེད།

གཟུགས་མེད་རིག་གནས་ཤུལ་བཞག་གི་བྱེད་སྒོ་སློབ་གྲྭར་སྤེལ་བ་དེས་དགེ་སློབ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་དགའ་གུས་འདུ་ཤེས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།

ཐེངས་འདིའི་འགྲེམས་འཁྲབ་ནང་ཞུགས་མཁན་ནན་ཁྲུང་སྒྱུ་རྩལ་སློབ་གྲྭའི་དགེ་རྒན་ཏེང་ཞའོ་ཆུང་གིས་གསར་འགོད་པར་ང་རང་དཀར་མཛེས་ཁུལ་དུ་ཡོང་རྒྱུར་ཧ་ཅང་དགའ། སི་ཁྲོན་ཟློས་གར་ནི་ང་ཚོའི་སི་ཁྲོན་ས་གནས་རང་གི་ཟློས་གར་ཡིན་པ་དང་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ཁོངས་སུ་གཏོགས་པས་མི་དེ་བས་མང་བས་སི་ཁྲོན་གྱི་ཟློས་གར་དར་རྒྱས་གོང་འཕེལ་དང་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས་བཅུ་དགུ་པའི་འགྲེམས་ཁང་དུ་སྐོར་ཞིབ་གནང་།
  • ལེ་ཚན་རྗེས་མ།: རོང་བྲག་རྫོང་གིས་དངོས་ལྗོངས་སློབ་ཁྲིད་བྱས་ནས་གསར་བརྗེའི་ཁྲག་རྒྱུན་བསྐྱངས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10