ཁ་གསབ་སྲིད་ཇུས་འདི་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།

    མི་དམངས་དྲ་བ།    2023-07-06

 མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གནས་འཕྲིན་ལྟར་ན། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ཀྱི་ལས་གནས་རྒྱ་སྐྱེད་གཏོང་བར་རོགས་རམ་བྱེད་པའི་ནུས་པ་འདོན་སྤེལ་དང་། ཁེ་ལས་ཀྱིས་སློབ་ཆེན་སློབ་མ་སོགས་ན་གཞོན་ལས་ཞུགས་བསྡུ་ལེན་བྱེད་པར་བསྔགས་སྐུལ་བྱ་ཆེད། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སློབ་གསོ་པུའུ། ནོར་སྲིད་པུའུ་བཅས་ཀྱིས་བརྡ་ཐོ་བཏང་ནས། ཐེངས་གཅིག་ཅན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 
     བརྡ་ཐོའི་ནང་། སྐབས་2023པ་དང་སློབ་གྲྭ་ནས་ཁ་བྲལ་ཏེ་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་དང་། ལས་ཤོར་ཐོ་འགོད་བྱས་པའི་ལོ་16ནས་24བར་གྱི་ན་གཞོན་ལ་ངལ་རྩོལ་གན་རྒྱ་བཞག་པ་མ་ཟད། དེར་ལས་ཤོར་དང་། ལས་རྨས། ལས་བཟོ་པའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་ནས་ཟླ་1ཡན་སོང་བའི་ཁེ་ལས་ལ། མི་གཅིག་བསྡུ་ཐེངས་རེར་སྒོར་1500ལས་མི་བརྒལ་བའི་ཚད་གཞི་ལྟར་ཐེངས་གཅིག་ལ་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། སྲིད་ཇུས་2023ལོའི་ཟླ་12པའི་ཟླ་མཇུག་བར་ལག་བསྟར་བྱ་རྒྱུ།
     བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་གིས་ད་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལས་བརྒལ་ནས་སྲིད་ཇུས་ལོངས་སྤྱོད་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ཚད་བཀག་གི་ཆ་རྐྱེན་མང་དུ་གཏོང་མི་ཆོག་པར། གོང་གསལ་མི་སྣ་བསྡུ་སྤྱོད་བྱེད་པ་མ་ཟད་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་སྲིད་ཇུས་ཀྱི་ཁེ་འབབ་ལོངས་སུ་སྤྱོད་གང་ཐུབ་བྱེད་དུ་འཇུག་དགོས། ས་གནས་ཁག་གི་ལས་ཤོར་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་ཞབས་ཞུའི་སྐར་ཁུང་བཙུགས་ནས། ཁེ་ལས་རང་གིས་ཐེངས་གཅིག་ལ་ལས་གནས་རྒྱ་སྐྱེད་གཏོང་རྒྱུའི་ཁ་གསབ་རེ་ཞུ་བྱེད་བདེ་པོ་ཡོང་བ་བྱེད་དགོས། ཁེ་ལས་ཀྱིས་བསྡུས་པའི་འབྲེལ་ཡོད་མི་སྣ་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་དེ། སྒྲུབ་གཉེར་ཚན་པས་ས་གནས་དེ་གའི་ཆ་འཕྲིན་མ་ལག་ལ་ཞིབ་དཔྱད་བྱེད་པ་མ་ཟད། ཁེ་ལས་ཀྱི་རེ་ཞུ་འབྱོར་རྗེས་ཀྱི་ཉིན་30ནང་ཚུན་དུ་སྒྲུབ་དགོས།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༽
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་2000ལས་བརྒལ་བ།
  • དོ་སྣང་ཆེ་བའི་རྩོམ།