བློ་མཐུན་ཆན་ཀྲེང་དབྱིང་སྐུ་བལྟམས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོག་པ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-07-06

   སྤྱི་ཚེས་4ཉིན་བློ་མཐུན་ཆན་ཀྲེང་དབྱིང་སྐུ་བལྟམས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། ཚོགས་འདུ་མ་འཚོགས་གོང་བློ་མཐུན་ཆན་ཀྲེང་དབྱིང་གི་གཉེན་ཉེ་དང་མཇལ་འཕྲད་གནང་བ་རེད།

   བློ་མཐུན་ཆན་ཀྲེང་དབྱིང་ནི་རང་རྒྱལ་གྱི་ཆུ་བེད་དང་གློག་ཤུགས་འཐབ་ཕྱོགས་ཀྱི་འགོ་ཁྲིད་པ་ཕུལ་བྱུང་དང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་བདུན་པ་དང་། སྐབས་བརྒྱད་པ། སྐབས་དགུ་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།
   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་སྟེ། བློ་མཐུན་ཆན་ཀྲེང་དབྱིང་གི་འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་ཤིང་། ཁོང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་དང་། བློ་མཐུན་ཆན་ཀྲེང་དབྱིང་གི་སྐུ་ཚེ་ཧྲིལ་པོར་ཏང་ལ་བཅངས་པའི་བློ་དཀར་སེམས་དཀར་གྱི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་ལ་སློབ་སྦྱོང་བྱེད་དགོས། དངོས་ཐོག་བདེན་འཚོལ་ནི་དོན་དམ་མཐའ་འཁྱོངས་བྱེད་པའི་ཚན་རིག་དང་མཐུན་པའི་དགོངས་པ་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་2000ལས་བརྒལ་བ།
  • ལེ་ཚན་རྗེས་མ།:པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།