པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

    གངས་ལྗོངས་ཉི་གཞོན།    2023-07-06

༼བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་༽དང༼ལྷ་མོའི་འཁྲབ་གཞུང་རྩོམ་སྒྲིག་གི་ཤེས་ལྡན་མི་སྣ་གསོ་སྦྱོང་༽གི་ལས་གཞི་གཉིས་ཀྱི་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་སྤེལ།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

        སྤྱི་ཟླ་7པའི་ཚེས་1ཉིན། 2023ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་གི་རོགས་དངུལ་ལས་གཞི་སྟེ་༼བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་༽དང༼ལྷ་མོའི་འཁྲབ་གཞུང་རྩོམ་སྒྲིག་གི་ཤེས་ལྡན་མི་སྣ་གསོ་སྦྱོང་༽གི་ལས་གཞི་གཉིས་ཀྱི་འཛིན་གྲྭ་འགོ་ཚུགས་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སྤེལ་བ་རེད། བོད་ཀྱི་པར་རྐོས་དང་ལྷ་མོ་ནི་རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཡིན་ལ། ལས་གཞི་འདི་གཉིས་ལག་བསྟར་ཐུབ་པས་བོད་ཀྱི་པར་རྐོས་དང་ལྷ་མོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤེས་ལྡན་མི་སྣའི་རྒྱབ་རྟེན་མཁོ་འདོན་ཐུབ་རྒྱུ་རེད།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

        འཛིན་གྲྭ་བཙུགས་པའི་མཛད་སྒོའི་ཐོག་ཆེད་མཁས་པ་དང་མཁས་དབང་མང་པོ་ལྷན་དུ་འཛོམས་ནས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་དང་ཟློས་གར་གྱི་རིག་གནས་རིན་ཐང་དང་སྙིང་བཅུད་ཐད་ལ་ཐུན་མོང་ཐོག་གྲོས་བསྡུར་ཟབ་མོ་གནང་ཡོད་ལ། ༼བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་༽ལས་གཞིའི་འགན་འཁུར་པ་དགེ་རྒན་ཆེན་མོ་དཔལ་རྡོར་ལགས་ཀྱིས་ལས་གཞི་ལག་བསྟར་འཆར་གཞི་མཚམས་སྦྱོར་ཞིབ་ཕྲ་གནང་།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

        བོད་ཀྱི་པར་རྐོས་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དམིགས་ནས། གཞུང་ལུགས་སློབ་སྦྱོང་དང་ལག་རྩལ་དམར་ཁྲིད། ལག་ལེན་བཅས་གཞི་གཅིག་ཏུ་བཟུང་སྟེ། བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་པ་གཞིར་བཞག་ནས། བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཚོགས་པའི་ཁྱབ་སྤེལ་མཁན་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

        ༼ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྦྱོང་༽ལས་གཞིའི་འགན་འཁུར་པ་དགེ་རྒན་ཆེན་མོ་གཞོན་པ་གཡུ་འབྲུག་ལྷ་མོས་ལས་གཞིའི་ལག་བསྟར་འཆར་གཞི་ལ་མཚམས་སྦྱོར་གནང་བ་རེད། ཨ་ཅེ་ལྷ་མོ་ནི་རྩོམ་རིག་དང་གླུ་གར། མཛེས་རྩལ་སོགས་ནས་མངོན་པར་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན་ལ། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་ཚུད་ཡོད།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

        དེ་ཡང་བོད་ལྗོངས་དང་མཚོ་སྔོན། པེ་ཅིན་དང་ཧྲན་ཏུང་། ཡུན་ནན་སོགས་ནས་ཐོན་པའི་སློབ་མ་སོ་བཞི་ཐེངས་འདིའི་གསོ་སྦྱོང་ནང་ཞུགས་ཡོད་ལ། འབུམ་རམས་པའི་སློབ་དཔོན་གྱིས་གཙོར་བྱས་པའི་ཆེད་མཁས་པ་དང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལག་རྩལ་རྒྱུན་འཛིན་པ་སོགས་ཁྱོན་དགེ་རྒན་ཞེ་ལྔས་སྣེ་ཁྲིད་དེ། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཡུལ་དངོས་བརྟག་དཔྱད། གསར་རྩོམ་ལག་ལེན་བྱས་པ་བརྒྱུད། བོད་ཀྱི་པར་རྐོས་ལག་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྦྱོང་གི་གྲུབ་འབྲས་2023ལོའི་ཟླ་10པར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འགྲེམས་སྟོན་བྱ་རྒྱུ་ཡིན། ལྷ་མོའི་འཁྲབ་གཞུང་གི་ཤེས་ལྡན་མི་སྣ་གསོ་སྦྱོང་གི་གྲུབ་འབྲས་2023ལོའི་ཟླ་12པར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་འགྲེམས་སྟོན་བྱ་རྒྱུ་རེད། །

པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།

  • ལེ་ཚན་སྔོན་མ།:བློ་མཐུན་ཆན་ཀྲེང་དབྱིང་སྐུ་བལྟམས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོག་པ་དང་། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།
  • ལེ་ཚན་རྗེས་མ།:མཚོ་བོད་ལྕགས་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས་འདུག
  • དོ་སྣང་ཆེ་བའི་རྩོམ།