མཚོ་བོད་ལྕགས་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-07-06

 སྤྱི་ཟླ་7པའི་ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བའི་བཀྲ་ཤིས་དུས་བཟང་སྐབས་སུ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་དེ་ཐོག་མར་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་གོར་མོའི་བར་གྱི་དུམ་མཚམས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་དེའི་ཐོག་ནས་མཚོ་བོད་ལྕགས་ལམ་དེ་དངོས་སུ་མྱུར་བགྲོད་དུས་རབས་སུ་སླེབས་པ་མཚོན་གྱི་ཡོད།

 

མཚོ་བོད་ལྕགས་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས་འདུག

 

       སྤྱི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་ཕྱེད་ཀའི་ཐོག་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་160ཟིན་པའི་c891ལན་གྲངས་ཀྱི་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་དེ་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་འབབ་ཚུགས་ནས་ཐོན་ཏེ་ཉིན་དགུང་ཆུ་ཚོད་དང་པོ་དང་ཕྱེད་ཀར་གོར་མོའི་འབབ་ཚུགས་སུ་འབྱོར་ཞིང་ལམ་བར་དུ་ཆུ་ཚོད་5དང་ཕྱེད་ཀ་ལས་འགོར་མེད་པ་རེད།
 

མཚོ་བོད་ལྕགས་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས་འདུག

 

       མཚོ་བོད་ལྕགས་ལམ་གྱི་ལས་གྲྭ་དེ་ནི་ཀྲུང་གོའི་དུས་རབས་གསར་པའི་ལས་གྲྭ་གལ་ཆེན་བཞིའི་གྲས་ཤིག་ཡིན་ཞེས་འབོད་ཆོག དེ་ནི་བོད་ལྗོངས་སུ་ཤར་གཏོང་ཐུབ་པའི་ལྕགས་ལམ་དང་པོ་དེ་ཡིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཟི་ལིང་གྲོང་ཁྱེར་ནས་གོར་མོ་གྲོང་ཁྱེར་བར་དང་། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བར་བཅས་ལམ་དུམ་བུ་གཉིས་ལ་དབྱེ་ཡོད་པ་དང་། སྤྱིའི་ལམ་ཚད་སྤྱི་ལེ་1956ཟིན་པ། འབབ་ཚུགས་ཁྱོན་85ཡོད་པ་རེད།

       སྤྱི་ཟླ་7པའི་ཚེས་1ཉིན་ནས་བཟུང་། མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིས་ཟི་ལིང་ནས་གོར་མོའི་བར་C891/C894མེ་འཁོར་ལན་གྲངས་གཏོང་འགོ་ཚུགས་པ་དང་། ཟི་ལིང་ནས་གཏེར་ལེན་ཁ་བར་གྱི་C991/C992མེ་འཁོར་ལན་གྲངས་གཏོང་འགོ་ཚུགས་ཡོད།

  • ལེ་ཚན་སྔོན་མ།:པར་རྐོས་དང་ལྷ་མོའི་རིག་གནས་ཀྱི་ལས་གཞི་གལ་ཆེན་འདི་གཉིས་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།