ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།༼ ༧ ༽

        2023-07-10

 ཀྲུང་ཧྭའི་ཤེས་དཔལ་ལ་གཅིག་གྱུར་རང་བཞིན་མངོན་གསལ་དོད་པོ་ཡོད་པས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་རིག་གནས་གཞི་གཅིག་ཏུ་འདྲེས་ཤིང་བར་ཆད་ཆེན་པོ་འཕྲད་ཀྱང་གོང་བུ་སྲ་བརྟན་གཅིག་ཏུ་འགྲིལ་ཐུབ་པ་རྩ་བའི་ཆ་ནས་གཏན་ལ་ཕབ་ཡོད་ཅིང་། རྒྱལ་ཁབ་ཀྱི་ས་ཆ་ཁ་ཕྲལ་ཐབས་མེད་པ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་ཐུབ་པ། མི་རིགས་ཁ་འབྲལ་ཐབས་མེད་པ། ཤེས་དཔལ་རྒྱུན་ཆད་ཐབས་བྲལ་བ་བཅས་ཀྱི་ཐུན་མོང་གི་དད་སེམས་གཏན་ལ་ཕབ་ཡོད། རྒྱལ་ཁབ་གཅིག་གྱུར་ནི་ནམ་ཡང་ཀྲུང་གོའི་ཁེ་ཕན་གཙོ་བོ་ནང་གི་གཙོ་བོ་ཡིན་པ་རྩ་བའི་ཆ་ནས་གཏན་ལ་ཕབ་ཡོད། འགྱུར་མེད་སྟོབས་ལྡན་གྱི་གཅིག་གྱུར་རྒྱལ་ཁབ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པ་གཏན་ལ་ཕབ་ཡོད། 


    ཞི་ཅིན་ཕིང་གི2023ལོའི་ཟླ་བ6ཚེས2ཉིན་ལ་རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་གསུང་བཤད།                                         



ལོ་ཙཱ་བ། སྐལ་ཐུབ།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:མཚོ་བོད་ལྕགས་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས་འདུག
  • ལེ་ཚན་རྗེས་མ།:ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་གྱི་སྐད་གྲགས་ཆེ་རུ་ཕྱིན།
  • དོ་སྣང་ཆེ་བའི་རྩོམ།