དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

ཨོ་རྒྱན་གྱིས་བསྒྱུུར།        2023-07-18

     དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

    སྤྱི་ཟླ7པའི་ཚེས16ཉིན་གྱི་སྔ་དྲོར“གནས་མཆོག་དཀར་མཛེས་ཡུལ་དུ·སྒེར་འཁོར་བཏང་ནས་ལྷན་དུ་འཛོམས། —གངས་རིའི་ར་བས་བསྐོར་བའི་དཀར་མཛེས་ནོར་བུའི་གླིང”ཞེས་པ་གཙོ་དོན་བྱས་པའི2023ལོའི་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་དཀར་མཛེས་རྫོང་འདན་མ་གྲོང་རྡལ་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་སྐུ་མགྲོན་སྟོང་ཕྲག་ལྷག་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲི་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་ལིའུ་ཝུའེ། ཆུ་བེད་པུའུ་ཡི་འབྲི་ཆུའི་ཆུ་བེད་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧོང་སི་ཕིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སངས་དགའ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཡུས་ཤིན་སོགས་མགོ་ཁྲིད་རྣམས་དང་། དཀར་མཛེས་ཁུལ་གྱི་ཁ་གཏད་རོགས་སྐྱོར་པ་ཧང་ཀྲོའུ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ། ཡུལ་ཤུལ་ཁུལ། སི་ཁྲོན་ཞིང་ཆེན་རྔ་ཁུལ་སོགས་གྲོང་ཁྱེར(ཁུལ)གྱི་འབྲེལ་ཡོད་མགོ་ཁྲིད་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     ཕ་ཡུལ་དཀར་མཛེས་ཁུལ་ནས་ཡིན་ཞིང་། ཞིང་ཆེན་དང་ཁུལ་རིམ་པ་ནས་ལས་འཁྱུར་ངལ་གསོ་མཁན་མགོ་ཁྲིད་རྒན་གྲས་དང་དུས་རབས་ཀྱི་དཔེ་བཟང་མི་སྣ་འཆི་མེད་རྡོ་རྗེ་བཅས་གདན་ཞུས་ལྟར་བྱེད་སྒོར་ཞུགས་ཡོད་པ་རེད།

     འགོ་ཚུགས་མཛད་སྒོར་ཁུལ་ཨུའི་རྒྱུན་ཨུ། དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡུང་དྲུང་གིས“2023ལོའི་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན”འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཞ་ཡིས་གཙོ་གཉེར་ཕྱོགས་ཀྱི་ཤིས་ཚིག་ཕུལ་བ་དང་། ཡུས་ཤིན་གྱིས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     འགོ་ཚུགས་མཛད་སྒོར། དར་རྒྱས་དུས་ཀྱི་སྐུལ་མཞེས་པའི་རྔམ་བརྗིད་ལྡན་ཞིང་ཡིད་དབང་འཕྲོག་པའི་རོལ་དབྱངས་ཁྲོད་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་། དཀར་མཛེས་མང་ཚོགས་ཀྱིས་སྙན་མོ་གླུ་དང་བདེ་མོ་གར་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལྟད་མོ་གྱ་ནོམ་པ་བཤམས་པ་རེད། དེའི་རྗེས་སུརྒྱལ་ཁའི་ངང་མཉམ་འཛོམས་བྱུང་བའི་དཀར་མཛེསདང་།སྙན་པའི་དབྱངས་ཀྱིས་ཁྱབ་པའི་མཛེས་སྡུག་གི་དཀར་མཛེས”“ནས་མཆོག་གི་དྲི་བསུང་འཐུལ་བའི་དཀར་མཛེས”“རྡོག་བྲོའི་སྟངས་སྟབས་ཀྱི་བརྩེ་སེམས་ལྡན་པའི་དཀར་མཛེས”“དྲྭ་ཐོག་ནས་གླིང་བཞིར་གྲགས་པའི་འགྲོས་མའི་འབྱུང་ཁུངས་དཀར་མཛེསབཅས་སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་ལེ་ཚན་ལྔ་ཡི་ཐོག་ནས་འཁྲབ་སྟོན་བྱས་པས་ངོ་མཚར་ཞིང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་འདི་དག་ལ་ཕྱོགས་ཀྱི་ལྟད་མོ་བས་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་ཀི་སྒྲ་ཡང་ཡང་བསྒྲགས།

 དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།
དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     2023ལོའི་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་ནི་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་ཡུལ་སྐོར་དུས་ཆེན་ཆེ་གྲས་ཤིག་ཡིན་ལ། སྔ་ཕྱིར་ཐེངས་ལྔ་གཉེར་ཡོད་ལ། དེའི་ཐོག་ནས་དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས། དམངས་སྲོལ་གོམས་གཤིས། གསར་བརྗེའི་རིག་གནས་བཅས་ཁྱོན་ཡོངས་ནས་མངོན་པ་དང“དཀར་མཛེས་རི་ཁུལ་ཡུལ་སྐོར”དེ“སྐྱིད་པའི་སི་ཁྲོན·གནས་མཆོག་དཀར་མཛེས”ཀྱི་མཚན་སྙན་ཆེ་རུ་གཏོང་བའི་མིང་བྱང་ལྟ་བུར་གྱུར་ཡོད་པ་རེད།

དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།
དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རིག་གནས་ཡུལ་སྐོར་གྱི་ས་ཁུལ་གསར་པ་གཏོད་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་ལས་དོན་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ས་ཁོངས་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཕན་དམངས་ཕྱུག་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་མ་ལག་གིས་རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་ཆེད་དཀར་མཛེས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་བཞིན་ཡོད་པ་རེད།

དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།
དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།

     ད་ཐེངས་ཀྱི་བྱེད་སྒོ་དེ་སྤྱི་ཟླ7པའི་ཚེས16ནས་ཚེས19ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་། བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། བཤམ་ཚོགས་ཐེངས་གསུམ། ཁྱད་ལྡན་བྱེད་སྒོ་ཐེངས་བདུན། མང་ཚོགས་ཀྱི་རིག་རྩལ་གར་སྟེགས་འཁྲབ་སྟོན་སོགས་ཁྱོན་བྱེད་སྒོ་ཁག17བཅས་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་ལ“དཀར་མཛེས་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྲིན་ཚོང་སྦྲེལ་མཐུད་འདུ་ཚོགས།”དང“དམངས་ཁྲོད་གནའ་གྲོང་གི་རིག་གནས་དངོས་མང་སྟོན་ཚོགས་དང་འགྲེམས་ཚོགས”སོགས་ཀྱི་བྱེད་སྒོ་སྣ་མང་ཁྲོད་ནས་གནས་མཆོག་དཀར་མཛེས་ནོར་བུ་གླིང་གི་སྣོད་བཅུད་ཀྱི་མཛེས་སྡུག་ལ་ངོ་མཚར་བའི་ལྟད་མོར་རོལ་ཆོག་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་ནུས་རྒྱུ་གཙང་མ་སྣ་མང་གསབ་རེས་འཕེལ་རྒྱས་མགྱོགས་སུ་བཏང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།